མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་ཡིས་དབྱི་རག་ལ་རོགས་སྐྱོར་སྒྲིག་ཆས་སྐོར་དང་པོ་སྤྲོད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-10 11:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་དགུའི་ཉིན་སྤྱི་སྒྲོག་སྤེལ་ཏེ། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་ཉིན་དེར་ཡང་བསྐྱར་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་མགོ་ཁྲིད་པ་པཱ་ཨར་ཀྲ་ནེ་ལ་ཁར་པར་བཏང་སྟེ། ཧྥ་རན་སི་ཡིས་མ་འོངས་པའི་དུས་ཚོད་འགའི་ནང་རོགས་སྐྱོར་སྒྲིག་ཆས་སྐོར་དང་པོ་སྤྲོད་རྒྱུ་ཡིན་ཟེར།

ཨོ་ལིང་ཏི་ཡིས་བཤད་རྒྱུར། ཧྥ་རན་སི་དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་དྲག་ཆས་རྩ་འཛུགས་ཀྱི་གནོད་པ་ཐེབས་པའི་མི་སེར་དཀྱུས་མ་དང་མཉམ་དུ་འདུག་རྒྱུ་ཡིན་པ་དང་། ཧྥ་རན་སི་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱེད་རྒྱུའི་ཆོད་སེམས་ཡོད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་བྲེལ་མྱུར་བྱེད་ཐབས་སྤྱད་ནས་ཆེས་བྲེལ་མྱུར་ཆེ་བའི་མི་ཆོས་རིང་ལུགས་ཀྱི་དགོས་མཁོ་བསྐང་དགོས་པའི་རེ་བ་བཏོན་ཡོད་ཟེར། ཁོས་བསྟན་དོན། ཧྥ་རན་སི་རྒྱལ་ཁབ་ཨ་མེ་རི་ཁ་དང་འབྲེལ་ཡོད་རྒྱལ་ཁབ་ཀྱི་བཀོད་སྒྲིག་ནང་ཞུགས་ཏེ། ཚེས་བདུན་ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སྤེལ་བའི་དབྱི་རག་སྲིད་གཞུང་དང་མི་དམངས་ལ་རྒྱབ་སྐྱོར་བྱེད་པའི་འབོད་སྐུལ་དང་ལེན་བྱེད་རྒྱུ་ཡིན་ཟེར།

ཨོ་ལིང་ཏི་ཡིས་ནན་གྱིས་བསྟན་དོན། ཧྥ་རན་སི་ཡིས་བལྟས་ན། ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་དབྱི་རག་གི་མིག་སྔའི་ཉམས་ཉེན་ཐག་གཅོད་བྱེད་དགགོས་པར་འདོད། ངེས་པར་དུ་བྱེད་ཐབས་ནུས་ལྡན་སྤྱད་དེ་མི་རིགས་མཐུན་སྒྲིལ་གྱི་སྲིད་གཞུང་ཞིག་གང་མགྱོགས་ཀྱིས་འཛུགས་སྐྲུན་བྱེད་དགོས་པ་དང་། སྲིད་གཞུང་དེས་ངེས་པར་དུ་དབྱི་རག་གི་ངལ་རྩོལ་མང་ཚོགས་ཀྱི་རེ་བ་ཡོད་ཚད་ནན་ཏན་གྱིས་ཐག་གཅོད་བྱེད་པར་ཁས་ལེན་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག