མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོས་ལེ་པཱ་ནུན་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-09 11:45

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་ཡིས་ཚེས་བརྒྱད་ཉིན་བསྟན་དོན། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱིས་ལེ་པཱ་ནུན་གྱིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་སྤེལ་བར་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། དུས་ངེས་མེད་དུ་ལེ་པཱ་ནུན་ལ་དགོས་ངེས་ཀྱི་རོགས་རམ་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་པུའུ་ཏུའུ་ལཱ་ཡིས་ཉིན་དེར་ལེ་པཱ་ནུན་གྱི་ཙུང་ལི་སཱ་ལཱ་མུའུ་ལ་ཁ་པར་བཏང་། ཨ་པུའུ་ཏུའུ་ལཱ་ཡིས་ཁ་པར་ལས་བཤད་རྒྱུར། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱིས་ལེ་པཱ་ནུན་གྱི་ཤར་ཕྱོགས་ནས་སི་རི་ཡཱ་དང་འབྲེལ་བའི་ཨ་ཨར་སཱ་ལེ་ས་ཁུལ་ནས་ཉེ་སྔོན་བྱུང་བའི་བདེ་འཇགས་དོན་རྐྱེན་ལ་སེམས་ཁུར་བྱེད་བཞིན་ཡོད། མིག་སྔའི་གནད་འགག་གི་སྐབས་སུ་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱིས་ལེ་པཱ་ནུན་ལ་རོགས་སྐྱོར་བྱས་ཏེ། མུ་མཐུད་དུ་ལེ་པཱ་ནུན་གྱི་བདེ་འཇགས་དང་བརྟན་འཇགས། བདག་དབང་བཅས་ལ་སྲུང་སྐྱོབ་བྱེད་པའི་ཐད་འབད་འབུངས་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག