མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་ཨ་མེ་རི་ཁའི་དམག་དཔུང་ལ་དབྱི་རག་གི་ཐལ་སྐྱོད་དྲག་ཆས་པར་བར་སྣང་ནས་འཇབ་རྒོལ་བྱེད་པའི་དབང་ཆ་བསྩལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-09 11:45

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་བདུན་ཉིན་གྱི་དགོང་མོར་ཁྱབ་སྒྲོག་བྱས་དོན། ཁོས་དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྐྱོད་དྲག་ཆས་རྩ་འཛུགས་ཀྱི་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱེད་པའི་དབང་ཆ་བསྩལ་ཡོད་ཟེར། ཨོ་པཱ་མཱ་ཡིས་བསྟན་དོན། གལ་སྲིད་ཐལ་སྐྱོད་དྲག་ཆས་རྩ་འཛུགས་ཀྱིས་ཨེ་ཨར་པུས་ལེ་ལ་དཔུང་འཇུག་བྱས་ན་དེར་བར་སྣང་འཇབ་རྒོལ་ཐེབས་སྲིད་ཟེར། ཁོས་ནན་གྱིས་བསྟན་དོན། ང་ཚོས་སེམས་ཆུང་དང་འགན་ཁུར་བའི་འགུལ་སྐྱོད་སྤེལ་ཏེ། གྲངས་ཉུང་མི་རིགས་ལ་དམིགས་པའི་དམར་གསོད་བྱ་སྤྱོད་སྔོན་འགོག་བྱེད་དགོས་པ་ནན་བཤད་བྱས་ཀྱང་། ས་ངོས་ཀྱི་དམག་དཔུང་མངག་གཏོང་བྱས་ནས་དབྱི་རག་གི་འཐབ་འཁྲུག་ལ་ཞུགས་མི་སྲིད་ཟེར།

ཨོ་པཱ་མཱ་ཡིས་ད་རུང་བསྟན་དོན། ཨ་མེ་རི་ཁའི་དམག་དཔུང་གིས་ཐལ་སྐྱོད་དྲག་ཆས་རྩ་འཛུགས་ཀྱི་འཇིགས་ཉེན་ཐེབས་པའི་དབྱི་རག་ས་ཁུལ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས་ཏེ། དབྱི་རག་གི་མང་ཚོགས་ལ་བར་སྣང་ནས་ཟས་རིགས་དང་འཐུང་ཆུང་སྟེར་བཞིན་ཡོད་ཟེར།

ཟླ་བརྒྱད་པའི་ཚེས་གཉིས་ཉིན་ནས་ཚེས་གསུམ་ཉིན་བར། ཐལ་སྐྱོད་དྲག་ཆས་རྩ་འཛུགས་ཀྱིས་དབྱི་རག་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་དྲག་ཆས་པའི་ལག་ནས་ཞིན་ཅཱ་ཨར་གྲོང་རྡལ་དང་ཀྲ་མཱ་ཨར་གྲོང་རྡལ་སོགས་ས་ཁུལ་འཕྲོག་ལེན་བྱས་ཏེ། མི་འབུམ་གཉིས་ཙམ་ལ་འགྲོ་སའི་ཁྱིམ་མེད་པར་གྱུར། དེའི་ནང་ཡེ་ཤུའི་ཆོས་ལུགས་དང་ཡཱ་ཚི་ཏིས་ཆོས་ལུགས་ཀྱི་མི་ཁྲི་ལྔ་ཙམ་ཐལ་སྤྱོད་དྲག་ཆས་རྩ་འཛུགས་ཀྱིས་ཞིན་ཅཱ་ཨར་རི་ཁུལ་དུ་བཀག་ཡོད་པས། མི་ཆོས་རིང་ལུགས་ཀྱི་གནོད་འཚེ་འབྱུང་ཉེན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག