མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྷང་ག་ལཱའི་གཙང་བོར་ནུབ་པའི་གྲུ་གཟིངས་གར་ཡོད་ད་རུང་རྙེད་མེད་པ་དང་ཉེན་རྟོག་ཕྱོགས་ཀྱིས་བེམ་པོ་སོ་གསུམ་རྙེད་ཡོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-08 10:39

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྷང་ག་ལཱ་རྒྱལ་ཁབ་ཀྱི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བདུན་ཉིན་བཤད་རྒྱུར། ཚེས་བཞི་ཉིན་གྲུ་གཟིངས་གཙང་བོར་ནུབ་པའི་དོན་རྐྱེན་གྱི་ཤི་བོའི་བེམ་པོ་སོ་གསུམ་རྙེད་ཡོད་པ་དང་། ད་རུང་མི་བརྒྱ་དང་སོ་གཅིག་གར་སོང་རྙེད་མེད་ལ། གྲུ་གཟིངས་གར་ཡོད་ཀྱི་གནས་གསལ་བོར་ཤེས་མེད་ཟེར།

ཟླ་བརྒྱད་པའི་ཚེས་བཞི་ཉིན། མི་ཉིས་བརྒྱ་དང་ལྔ་བཅུ་ལྷག་དྲུད་ཡོད་པའི་གྲུ་གཟིངས་ཤིག་བྷང་ག་ལཱ་རྒྱལ་ཁབ་ཀྱི་རྒྱལ་ས་པཱ་ཀ་ཏཱའི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ་ཉེར་བདུན་གྱི་མཚམས་སུ་ཡོད་པའི་ཕཱ་ཏི་མཱ་གཙང་བོའི་སྟེང་བགྲོད་སྐབས་གཙང་བོར་ནུབ། བསྟུད་མར་ཉིན་བཞིའི་རིང་སྔོག་བཤེར་བྱས་ཀྱང་གྲུ་གཟིངས་གར་ཡོད་གསལ་བོར་ཤེས་མེད། དོན་རྐྱེན་བྱུང་ས་མིན་ཞེ་ཀན་ཅེ་ས་ཁུལ་གྱི་ཉེན་རྟོག་ཅུའུ་ཡི་ལས་རོགས་གཙོ་གཉེར་བ་ཁཱ་ནེ་ཙི་ཡིས་ཚེས་བདུན་ཉིན་གསར་འགོད་པར་བཤད་རྒྱུར། ཉིན་དེའི་དགོང་མོའི་བར། བེམ་པོ་སོ་གསུམ་རྙེད་པ་དང་། ད་རུང་མི་བརྒྱ་དང་སོ་གཅིག་གར་སོང་རྙེད་མེད་ཟེར།

བྷང་ག་ལཱ་རྒྱལ་ཁབ་ཏུ་གཙང་བོ་ཆེ་ཆུང་ཉིས་བརྒྱ་དང་ལྔ་བཅུ་ཡོད་པ་དང་། གྲུ་གཟིངས་ཀྱི་སྐྱེལ་འདྲེན་ནི་འགྲིམ་འགྲུལ་བྱེད་ཐབས་གཙོ་བོ་ཞིག་ཡིན། འགྲུལ་སྐྱེལ་གྲུ་གཟིངས་མང་བོར་ལོ་མང་བོའི་རིང་ཞིག་གསོ་བྱས་མེད་པའི་ཁར་ཐེག་ཚད་ལས་བརྒལ་བས། གྲུ་གཟིངས་གཙང་བོར་ནུབ་པའི་དོན་རྐྱེན་དུས་ངེས་མེད་དུ་འབྱུང་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག