མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་དབྱི་རག་ལ་བར་སྣང་ནས་དངོས་རྫས་འཕེན་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-08 10:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་གནས་བབ་དེ་ཉེ་སྔོན་ཐལ་སྤྱོད་དྲག་ཆས་རྩ་འཛུགས་ཀྱིས་ས་ཁུལ་མང་བོ་བཙན་བཟུང་བྱས་པ་ལས་ཛ་དྲག་ཏུ་གྱུར་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། ད་ལྟ་མི་ཁྲི་བཞི་ལྷག་དབྱི་རག་བྱང་ཕྱོགས་ཀྱི་ཞིན་ཅཱ་ཨར་རི་ཁུལ་དུ་བསྡད་ཡོད་པ་དང་། འཐུང་ཆུ་དང་འབྲུ་རིགས་ཧ་ཅང་དཀོན་ཟེར། ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་མང་བོས་ཚེས་བདུན་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁས་ས་ཁུལ་དེའི་ཡུལ་གྱར་བར་བར་སྣང་ནས་དངོས་རྫས་འཕེན་པར་བསམ་བློ་གཏོང་བཞིན་ཡོད་ཟེར། ཉིན་དེར་ཨ་མེ་རི་ཁའི་ཕོ་བྲང་དཀར་པོ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་ངོས་དམག་དཔུང་མངག་གཏོང་བྱེད་མི་སྲིད་པ་བསྐྱར་སྒྲོག་བྱས།

ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཨིག་ནེ་སི་ཐི་ཡིས་ཚེས་བདུན་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཐལ་སྤྱོད་དྲག་ཆས་རྩ་འཛུགས་ཀྱིས་ཞིན་ཅཱ་ཨར་ས་ཁུལ་དུ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་བ་དང་། འཇབ་རྒོལ་དེ་ལས་ས་དེར་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཚབས་ཆེན་བྱུང་ཡོད་ཟེར། ཁོས་ད་རུང་བཤད་རྒྱུར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་བདུན་ཉིན་རྒྱལ་ཁབ་ཀྱི་བདེ་འཇགས་དམག་དཔུང་ལ་ཐུག་འཕྲད་བྱས་ཏེ། ཨ་མེ་རི་ཁས་དབྱི་རག་གི་གནས་བབ་འཕེལ་རྒྱས་ལ་དོ་སྣང་བྱེད་རྒྱུ་ཡིན་ཟེར།

ཉིན་དེར་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་། མགྲིན་ཚབ་པ་གཞོན་པ་ཧཱ་ཧྥུའུ་ཡིས་ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་རག་གི་ཐལ་སྤྱོད་རྩ་འཛུགས་ལ་བར་སྣང་ནས་འཇབ་རྒོལ་བྱེད་མིན་འདྲི་སྐབས་བསྟན་དོན། ཨ་མེ་རི་ཁས་ད་རུང་ཆོད་དོན་གང་ཡང་སྤེལ་མེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག