མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལི་པུ་ཡཱའི་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱིས་དྲག་ཆས་ཕྱོགས་ཁག་སོ་སོས་མྱུར་དུ་ཆ་རྐྱེན་ཅི་ཡང་མེད་པར་འཁྲུག་རྩོད་མཚམས་འཇོག་དགོས་པའི་རེ་བ་བཏོན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-08 10:25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པུ་ཡཱའི་གསར་འགྱུར་ལས་རིགས་ཀྱིས་ཚེས་བདུན་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ལི་པུ་ཡཱའི་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཚེས་དྲུག་ཉིན་གྲོས་ཆོད་བཏོན་ཏེ། མིག་སྔར་རྒྱལ་ས་ཏི་ལེ་པའོ་ལི་དང་ཤར་ཕྱོགས་ཀྱི་གྲོང་ཁྱེར་པན་ཅཱ་ཞི་ན་འཁྲུག་རྩོད་བྱེད་བཞིན་པའི་ཕྱོགས་ཁག་སོ་སོས་མྱུར་དུ་ཆ་རྐྱེན་ཅི་ཡང་མེད་པར་འཁྲུག་རྩོད་མཚམས་འཇོག་དགོས་པའི་རེ་བ་བཏོན།

ལི་པུ་ཡཱའི་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཚེས་དྲུག་ཉིན་ཤར་ཕྱོགས་གྲོང་ཁྱེར་ཐུའུ་པུའུ་ལུའུ་ཀི་ནས་གྲོས་ཚོགས་བསྡུས་ཏེ། གྲོས་མི་བརྒྱ་དང་སོ་གཅིག་གྲོས་འཆམ་བྱུང་སྟེ་གྲོས་ཆོད་དེར་གྲོས་འཆམ་བྱུང་། གྲོས་ཆོད་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་རྟོག་འོག་འཁྲུག་རྩོད་མཚམས་འཇོག་པར་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར། འཁྲུག་རྩོད་མཚམས་འཇོག་པའི་གྲོས་ཆོད་བརྩི་སྲུང་མི་བྱེད་པའི་ཕྱོགས་ཁག་གང་རུང་ལ། རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱིས་སྔར་ལས་ལྷག་པའི་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།

དབྱེ་ཞིབ་མི་སྣས་བལྟས་ན། ལི་པུ་ཡཱའི་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱིས་མྱུར་དུ་ཆ་རྐྱེན་ཅི་ཡང་མེད་པར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་ཆོད་དེ་ཚོད་དཔག་བྱས་ན་མངོན་འགྱུར་བྱེད་དཀའ་བར་འདོད། འཇིག་རྟེན་པའི་སྟོབས་ཤུགས་ཀྱིས་གཙོ་ཁྲིད་བྱེད་པའི་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཟླ་འདིའི་ཚེས་བཞི་ཉིན་ཐུའུ་པུའུ་ལུའུ་ཀི་ནས་གྲོས་ཚོགས་ཐོག་མ་བསྡུས་ཏེ། ཆོས་ལུགས་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱེད་པའི་གྲོས་མི་གྲོས་ཚོགས་ལ་མ་ཞུགས་པར་ངོ་རྒོལ་བྱེད་པའི་ཚུལ་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག