མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་རག་སྲིད་གཞུང་དང་མི་དམངས་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-08 10:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་བདུན་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། དབྱི་རག་གི་ཐལ་སྤྱོད་རྩ་འཛུགས་ཀྱིས་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་སྤེལ་བའི་དཔུང་འཇུག་ལ་ཧ་ལས་པའི་ཚུལ་བསྟན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་རག་སྲིད་གཞུང་དང་མི་དམངས་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཉིན་དེར་དབྱི་རག་བྱང་ཕྱོགས་ཀྱི་ཅི་ཨར་ཁུའུ་ཁི་དང་། ཀའེ་ལཱ་ཀའོ་ཧྲི་ལ་དཔུང་འཇུག་བྱས་དང་། དེ་མིན་དེ་སྔོན་དཔུང་འཇུག་བྱས་པའི་ཞིན་ཅཱ་ཨར་དང་ཐེ་ལེ་ཨ་ཧྥེ་ཨར་ས་ཁུལ་གྱི་འབྲེལ་ཡོད་གནས་ཚུལ་ལ་ཧ་ལས་པའི་ཚུལ་བསྟན། གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་ད་ལྟའི་བར་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་བར་སྣང་ནས་འཕེན་པའི་འགུལ་སྐྱོད་ཡོངས་འགྲུབ་བྱས་པར་དགའ་བསུ་ཞུས་ཀྱང་། དབྱི་རག་གི་མི་སེར་དཀྱུས་མ་དེ་དག་གི་བདེ་འཇགས་ལ་སྔར་བཞིན་སེམས་ཁུར་བྱེད་བཞིན་ཡོད། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་དང་། ཁྱད་པར་དུ་ས་གནས་དེའི་གནས་བབ་ལ་ཤུགས་རྐྱེན་ཡོད་པའི་ཕྱོགས་སོ་སོས་དབྱི་རག་སྲིད་གཞུང་དང་མི་དམངས་ལ་རྒྱབ་སྐྱོར་བྱས་ཏེ། གང་ནུས་ཀྱིས་དེང་སྐབས་དབྱི་རག་མངའ་ཁོངས་ཀྱི་འཁྲུག་རྩོད་ལས་མི་དམངས་མང་ཚོགས་ལ་བཟོས་པའི་དཀའ་སྡུག་ཇེ་ཆུང་དུ་གཏོང་བར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག