མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལྷོ་ཁོ་རེ་ཡ་དང་ཨ་རིས་དམག་འཁྲུག་སྐབས་ཀྱི་བཀོད་འདོམས་དབང་ཆ་རྩིས་སྤྲོད་བྱེད་རྒྱུ་དེ2020ལོ་བར་ནར་འགྱངས་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-08 10:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྷོ་ཁ་རེ་ཡའི་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་ནས་སྤྱི་ཚེས7ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ལྷོ་ཁོ་རེ་ཡ་དང་ཨ་རིས་སང་ལོའི་ལོ་མཇུག་ཏུ་དུས་བཀག་རན་རྒྱུ་ཡིན་པའི་དམག་འཁྲུག་སྐབས་ཀྱི་བཀོད་འདོམས་དབང་ཆ་རྩིས་སྤྲོད་བྱེད་རྒྱུའི་དུས་ཚོད་དེ་སྤྱི་ལོ2020ལོའི་རྗེས་བར་ནར་འགྱངས་གཏོང་རྒྱུའི་ཐད་ཀྱི་འབྲེལ་ཡོད་གནད་དོན་གྲོས་བསྡུར་བྱས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཚོགས་འདུའི་ཐོག ལྷོ་ཁོ་རེ་ཡ་དང་ཨ་རིས་བྱང་ཁོ་རེ་ཡའི་རྡུལ་ཉིང་དང་མེ་ཤུགས་འཕུར་མདེལ་གྱི་འཇིགས་སྐུལ་དང་། ལྷོ་ཁོ་རེ་ཡའི་དམག་ཕྱོགས་ཀྱི་ཁ་གཏད་གཅོག་ནུས། དེ་བཞིན་ལྷོ་ཁོ་རེ་ཡའི་དམག་དོན་འཁོར་རྒྱུག་ནུས་པ་སོགས་དམག་འཁྲུག་སྐབས་ཀྱི་བཀོད་འདོམས་དབང་ཆ་རྩིས་སྤྲོད་བྱེད་པའི་ཆ་རྐྱེན་ཐད་གྲོས་བསྡུར་གཏིང་ཟབ་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག