མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སིས་ཨེ་ཅིབ་ཀྱིས་ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་ཐད་བར་འདུམ་བྱེད་པར་རྒྱབ་སྐྱོར་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-08 10:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས6ཉིན་ཧྥ་རན་སིའི་ཙུང་ཐུང་ཨའོ་ལའང་ཏེས། ཧྥ་རན་སིས་ཨེ་ཅིབ་ཀྱིས་ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་ཐད་བར་འདུམ་བྱེད་པར་རྒྱབ་སྐྱོར་བྱས་ནས། ཨེ་ཅིབ་ཀྱི་ཕྱི་འབྲེལ་གྲོས་འགོ་དེ་ཕ་ལི་སི་ཐན་དང་དབྱི་སི་རལ་བར་ཡུན་རིང་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་འཇོག་རྒྱུར་གལ་ཆེན་པོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།

ཧྥ་རན་སིའི་ཙུང་ཐུང་ལས་ཤག་གིས་སྤྱི་བསྒྲགས་སྤེལ་ནས། ཨའོ་ལའང་ཏེ་དང་ཅོར་ཏན་གྱི་རྒྱལ་པོ་ཨབ་ཏུའུ་ལས་ཉིན་དེ་གར་ཞལ་པར་ཐོག དབུས་ཤར་དུས་བབ་ཐད་གྲོས་བསྡུར་གནང་ཡོད། ཞལ་པར་ཁྲོད་ཨའོ་ལའང་ཏེས་ཕ་ལི་སི་ཐན་དང་དབྱི་སི་རལ་བར་ཡུན་རིང་ཞི་བདེ་ཡོང་རྒྱུ་དེ་མཐའ་མཇུག་གི་གྲོས་མཐུན་གཅིག་ལ་མིང་བཏགས་བཀོད་མིན་ལ་ཐུག་ཡོད་པས། ཕ་ལི་སི་ཐན་དང་དབྱི་སི་རལ་བར་ཞི་བདེ་དང་བདེ་འཇགས་ལྡན་པའི་རྒྱལ་ཁབ་གཉིས་འཛུགས་དགོས་པའི་བསྐྱར་བཤད་གནང་ཡོད་ཅེས་བསྟན་ཡོད་པ་རེད།

ཨའོ་ལའང་ཏེས་ཧྥ་རན་སིས་ཅོར་ཏན་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཐོག་གྲོས་ཆོད་ཆར་ཟིན་ཞིག་གི་ཐད་མཉམ་ལས་བྱེད་རྩིས་ཡོད་པ་དང་། འཆར་ཟིན་དེས་ཨེ་ཅིབ་ཀྱིས་དམག་འཚམས་འཇོག་རྒྱུའི་གྲོས་འགོ་བཏོན་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། དེས་ཡུན་རིང་དམག་འཚམས་འཇོག་ཐུབ་པ་བྱེད་པ་མ་ཟད། ཕ་ལི་སི་ཐན་དང་དབྱི་སི་རལ་བར་ཞི་བའི་གྲོས་མཐུན་འཇོག་ཐུབ་ཆེད་དབྱེ་འབྱེད་གྲོས་མོལ་སླར་གསོ་བྱེད་དགོས་ཞེས་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག