མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ལྷོ་སུའུ་ཏན་གྱི་རོགས་སྐྱོར་མི་སྣར་འཇབ་རྒོལ་ཕོག་པའི་དོན་རྐྱེན་ལ་ཁ་རྡུང་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-08 10:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས6ཉིན་གྱི་དགོང་མོ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་ནས། ལྷོ་སུའུ་ཏན་གྱི་མངའ་ཁོངས་སུ་ཐོན་པའི་མི་སེར་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མི་སྣར་འཇབ་རྒོལ་བྱས་པའི་དོན་རྐྱེན་ལ་ཁ་རྡུང་དྲག་པོ་བཏང་བ་མ་ཟད། ལྷོ་སུའུ་ཏན་སྲིད་གཞུང་གིས་ཕྲལ་མར་དོན་རྐྱེན་བརྟག་དཔྱད་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

གསལ་བསྒྲགས་ནང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉེ་དུས་ལྷོ་སུའུ་ཏན་མངའ་ཁོངས་སུ་དྲག་ཆས་སྒྲིག་འཛུགས་ཀྱིས་རྐང་བཙུགས་ནས། མི་སེར་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མི་སྣར་དམིགས་པའི་འཇབ་རྒོལ་བྱ་སྤྱོད་སྤེལ་བར་ཁོང་ཁྲོ་ལངས་པའི་རྣམ་པ་བསྟན་པ་དང་། ལྷག་དོན་དུ་ཧྲང་ཉི་ལོ་མངའ་སྡེའི་མ་པན་རྫོང་དུ་ས་གནས་དྲག་ཆས་སྒྲིག་འཛུགས་དང་ལྷོ་སུའུ་ཏན་མི་དམངས་བཅིངས་འགྲོལ་དམག་ཟེར་བའི་བྲོས་དམག་བར། སྤྱི་ཚེས་གསུམ་ཉིན་ནས་བཟུང་ས་གནས་དེ་གར་གདོང་ཐུག་ཐོན་ནས། ཉུང་མཐར་ཡང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མི་སྣ6རྐྱེན་ལམ་དུ་བཏང་ཡོད་ཅེས་བསྟན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག