མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕ་ལི་སི་ཐན་དང་དབྱི་སི་རལ་ལ་དུས་ཡུན་རིང་པོ་དམག་མཚམས་འཇོག་རྒྱུར་སྐུལ་འདེད་གཏོང་དགོས་པའི་རེ་འབོད་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-08 10:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས6ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས། ཕ་ལི་སི་ཐན་དང་དབྱི་སི་རལ་བར་གྱི་གདོང་ཐུག་ཐོན་པའི་གཏིང་ཟབ་པའི་འགན་ཟླ་ཐག་གཅོད་བྱས་ཏེ། ཀ་ཧྲ་ས་ཁུལ་ཀྱི་གནས་སྐབས་ཞི་འཇམ་དེ་ཡུན་རིང་དམག་མཚམས་འཇོག་བྱེད་པར་འགྱུར་རྒྱུར་འབད་བརྩོན་བྱེད་དགོས་པའི་རེ་འབོད་གནང་ཡོད་པ་རེད།

ཉིན་དེ་གར་སྐབས68པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཀ་ཧྲ་ས་ཁུལ་གྱི་དུས་བབ་ཐད་དངོས་གཞི་མ་ཡིན་པའི་ཚང་འཛོམས་གྲོས་ཚོགས་སྐོང་འཚོགས་གནང་ཡོད། ཕན་ཅི་ཝུན་གྱིས་མིག་སྔའི་ལས་འགན་ནི་ཀ་ཧྲ་ས་ཁུལ་གྱི་མང་ཚོགས་ཚོར་དགོས་མཁོ་ཆེ་བའི་མི་ཆོས་རིང་ལུགས་ཀྱི་དགོས་མཁོ་སྐོང་རྒྱུ་དང་བསྐྱར་འཛུགས་བྱེད་རྒྱུ་དེ་རེད་ཅེས་བསྟན་པ་དང་། ཁོང་གིས་ཕྱོགས་ཁག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་འབོད་ལ་བརྡ་ལན་ཞུས་ནས། དབྱེ་འབྱེད་གྲོས་མོལ་ཐོག་བསྐྱར་ལོག་བྱེད་རྒྱུ་མ་ཟད། མཐའ་འཇུག་སྤྱོད་གོ་ཆོད་པའི་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་གྲོས་ཆམ་བྱུང་ནས། ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་མཇུག་སྒྲིལ་དགོས་པའི་རེ་འབོད་གནང་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་དང་དེ་བཞིན་ཕ་ལི་སི་ཐན་དང་དབྱི་སི་རལ། དབྱི་སི་ལན་མཉམ་ལས་སྒྲིག་འཛུགས། ཡོ་རོབ་མནའ་འབྲེལ། ཀྲུང་གོ ཨ་རི། ཨུ་རུ་སུ་སོགས་ཀྱི་སྐུ་ཚབས་ནས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་ཡོད། སྐུ་ཚབ་མང་ཆེ་བས་ཕ་ལི་སི་ཐན་དང་དབྱི་སི་རལ་གྱིས་གདོང་ཐུག་མཇུག་སྒྲིལ་དགོས་པ་དང་། དབྱེ་འབྱེད་གྲོས་མོལ་བྱེད་པ་བརྒྱུད། ཡུན་རིང་དམག་མཚམས་འཇོག་རྒྱུའི་རེ་འབོད་གནང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག