མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་པའི་དུས་ཡུན་ཇེ་རིང་དུ་གཏོང་བར་འཐད་པ་བྱུང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-07 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས་དྲུག་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཆ་རྐྱེན་ཅི་ཡང་མེད་པར་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་དུས་ཡུན་ཇེ་རིང་དུ་གཏོང་བར་འཐད་པ་བྱུང་བར་བཤད་ཀྱང་། འཁྲུག་རྩོད་མཚམས་འཇོག་པའི་བྱེ་བྲག་གི་དུས་ཚོད་གསལ་བོར་བསྒྲགས་མེད།

ཨེ་ཅིབ་དཔོན་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཁེ་རོ་རུ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཀྱི་གྲོས་མོལ་ལ་ཞུགས་བཞིན་པའི་ཕཱ་ལེ་སི་ཐན་གྱི་འཐུས་ཚབ་ཚོགས་པའི་འགན་ཁུར་བ་ཨེ་ཧཱ་མེད་ཏི་ཡིས་བསྟན་དོན། མིག་སྔར་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་ཇེ་རིང་དུ་བཏང་བའི་གནས་ཚུལ་བསྒྲགས་མེད་ལ། ཚེས་བརྒྱད་ཉིན་གྱི་ཞོགས་པར་འཁྲུག་རྩོད་མཚམས་འཇོག་པའི་དུས་ཚོད་ལོངས་རག་བར་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་པར་ད་རུང་དུས་ཚོད་ཡོད་ཟེར།

ཨེ་ཅིབ་ཀྱི་གྲོས་གཞི་བཏོན་པ་ལྟར། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཚེས་ལྔ་ཉིན་གྱི་ཞོགས་པའི་དུས་ཚོད་བརྒྱད་ནས་བཟུང་དུས་ཚོད་དོན་གཉིས་རིང་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་ལག་བསྟར་བྱས་པ་རེད། ཕྱོགས་གཉིས་ཀྱིས་འཁྲུག་རྩོད་མཚམས་བཞག་པའི་སྐབས་སུ་མཐོ་རིམ་འཐུས་ཚབ་ཚོགས་པ་མངག་ནས་ཁེ་རོ་ནས་ཨེ་ཅིབ་ཀྱི་བར་འདུམ་འོག་གྲོས་མོལ་བྱས་ཏེ། དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག