མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡེ་མིན་སྲིད་གཞུང་དམག་དཔུང་གིས་རྟེན་གཞི་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ཉི་ཤུ་བསད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-07 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་དཔོན་ཕྱོགས་ཀྱིས་ཚེས་དྲུག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཉིན་དེར་ཤར་ཕྱོགས་ཀྱི་ཧཱ་ཏི་ལཱ་མའོ་ཞིང་ཆེན་ནས་རྟེན་གཞིའི་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་བྱས་ཏེ། ཉུང་མཐར་ཡང་དྲག་ཆས་ཉེས་ཅན་ཉི་ཤུ་བསད་པ་དང་གསུམ་འཛིན་བཟུང་བྱས་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། རྟེན་གཞི་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་ཕྲག་འགའ་ཡིས་ཧཱ་ཏི་ལཱ་མའོ་ཞིང་ཆེན་ནས་ཡེ་མིན་སྲིད་གཞུང་དམག་དཔུང་གི་གཅིག་གསུམ་ལྔ་འཁྲབ་ལྡན་འཁོར་ལོའི་སྟོང་ཤོག་བར་འཁྲུག་རྩོད་བྱས་པ་དང་། ཉུང་མཐར་ཡང་དྲག་ཆས་ཉེས་ཅན་ཉི་ཤུ་བསད་པ་དང་། འཛིན་བཟུང་བཀའ་རྒྱ་བསྒྲགས་པའི་འཇིགས་སྐུལ་ཉེས་ཅན་གསུམ་འཛིན་བཟུང་བྱས། འཁྲུག་རྩོད་བྱེད་སྐབས་སྲིད་གཞུང་དམག་དཔུང་གི་རླངས་འཁོར་གསུམ་ལ་གཏོར་བརླག་ཐེབས། སྲིད་གཞུང་གི་དམག་དཔུང་ལ་ཤི་རྨས་ཐེབས་པའི་གནས་ཚུལ་གསལ་བོར་བསྒྲགས་མེད།

ཧཱ་ཏི་ལཱ་མའོ་ཞིང་ཆེན་གྱི་མིང་བཤད་མི་འདོད་པའི་བདེ་འཇགས་དཔོན་པོ་ཞིག་གིས་གསར་འགོད་པར་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཚེས་དྲུག་ཉིན་ཞིང་ཆེན་དེ་ནས་རྟེན་གཞི་རྩ་འཛུགས་ཀྱི་འཇབ་རྒོལ་ཐེངས་གསུམ་ལ་མཐར་སྐྲོད་བཏང་བ་དང་། འཇིགས་སྐུལ་ཉེས་ཅན་རེ་འགའ་འཛིན་བཟུང་བྱས་ཡོད་ལ། དེའི་ནང་ཕ་ཡུལ་སོ་ཏི་ཨ་རབ་ཀྱི་ཡིན་པའི་རྟེན་གཞི་རྩ་འཛུགས་ཀྱི་བཀོད་འདོམ་དཔོན་པོ་གཉིས་ཡོད་ཟེར།

ཉིན་དེར་རྟེན་གཞི་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱིས་ཧཱ་ཏི་ལཱ་མའོ་ཞིང་ཆེན་དང་འབྲེལ་བའི་ཧྲི་པུའུ་བོ་ཞིང་ཆེན་ནས་སྲིད་གཞུང་དམག་དཔུང་ལ་འཇབ་རྒོལ་བྱས་ཏེ། སྲིད་གཞུང་གི་དམག་མི་གསུམ་རྐྱེན་ལམ་དུ་ཤོར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག