མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལེ་པཱ་ནུན་གྱི་ཙུང་ལི་ཡིས་སོ་ཏི་ཨ་རབ་ཀྱིས་ལེ་པཱ་ནུན་གྱི་དམག་དཔུང་ལ་མེ་སྒོར་ཐེར་འབུམ་གཅིག་གིས་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-07 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་གྱི་ཙུང་ལི་སཱ་ལཱ་མུའུ་ཡིས་ཚེས་དྲུག་ཉིན་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱིས་ལེ་པཱ་ནུན་གྱི་དམག་དཔུང་དང་བདེ་འཇགས་དམག་དཔུང་ལ་མེ་སྒོར་ཐེར་འབུམ་གཅིག་གིས་རོགས་སྐྱོར་བྱས་ཏེ། མཚོན་ཆ་དང་སྒྲིག་ཆས་ཉོ་སྡུད་བྱས་ནས་དམག་དཔུང་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ནུས་པ་ཇེ་མཐོར་གཏོང་བའི་ཐད་བཀོལ་བར་བཀའ་དྲིན་ཞུས།

སཱ་ལཱ་མུའུ་ཡིས་ཉིན་དེར་པེ་རུ་ཐི་ནས་གསལ་སྒྲོག་སྤེལ་ཏེ། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་ཡིས་ལེ་པཱ་ནུན་དཀའ་ཁག་ལ་འཕྲད་པའི་སྐབས་སུ་ལེ་པཱ་ནུན་གྱི་དམག་དཔུང་ལ་རོགས་སྐྱོར་བྱེད་རྒྱུ་ཐག་བཅད་པ་དེ་ལས་སོ་ཏི་ཨ་རབ་སྲིད་གཞུང་གིས་ལེ་པཱ་ནུན་གྱི་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་ཡོད་པ་དང་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱིས་ལེ་པཱ་ནུན་གྱི་བདེ་འཇགས་དང་མངའ་ཁོངས་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་ཐད་འབད་འབུངས་བྱེད་བཞིན་པ་མཚོན་ཡོད་ཟེར།

ལེ་པཱ་ནུན་གྱི་སྔོན་ཆད་ཀྱི་ཙུང་ལི་ཧཱ་ལི་ལི་ཡིས་ཚེས་དྲུག་ཉིན་སོ་ཏི་ཨ་རབ་ནས་ཁྱབ་སྒྲོག་བྱས་དོན། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོས་ལེ་པཱ་ནུན་གྱི་དམག་དཔུང་དང་བདེ་འཇགས་དམག་དཔུང་སོགས་ཁྲིམས་མཐུན་དྲག་ཆས་སྟོབས་ཤུགས་ལ་མེ་སྒོར་ཐེར་འབུམ་གཅིག་གིས་རོགས་སྐྱོར་བྱེད་རྒྱུ་ཐག་བཅད་ཟེར། དེ་ནི་སོ་ཏི་ཨ་རབ་ཀྱིས་ལོ་གཅིག་མ་འགོར་བའི་དུས་ཚོད་ནང་ཐེངས་གཉིས་པར་ལེ་པཱ་ནུན་གྱི་དམག་དཔུང་ལ་རོགས་སྐྱོར་བྱས་པ་རེད། ན་ནིང་ཟླ་བཅུ་གཉིས་པར། སོ་ཏི་ཨ་རབ་ཀྱིས་ལེ་པཱ་ནུན་ལ་མེ་སྒོར་ཐེར་འབུམ་གསུམ་གྱི་རོགས་སྐྱོར་བྱས་ཏེ། ཧྥ་རན་སི་ནས་མཚོན་ཆ་དང་སྒྲིག་ཆས་ཉོ་སྡུད་བྱེད་པའི་ཐད་བཀོལ་རྒྱུ་ཁྱབ་སྒྲོག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག