མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཅིན་དང་མའོ་ཁི་ཨར་གྱིས་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-07 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་སྟེང་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གཉིས་ཀྱིས་ཚེས་དྲུག་ཉིན་གྱི་དགོང་མོར་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་དེང་སྐབས་ཀྱི་ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས།

ཕུའུ་ཅིན་གྱིས་བསྟན་དོན། དེང་སྐབས་ཝུའུ་ཁི་ལན་ཤར་ལྷོའི་ཕྱོགས་ཀྱི་འཐབ་འཁྲུག་སྔར་བཞིན་ཛ་དྲག་ཡིན་པར་མ་ཟད། མི་སྣ་མང་བོར་ཤི་རྨས་དང་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཚབས་ཆེན་བཟོས་ཡོད། ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་མིག་སྔའི་གནས་བབ་ལ་འགན་ཁུར་དགོས་ཟེར། ཕུའུ་ཅིན་གྱིས་ད་རུང་ནན་གྱིས་བསྟན་དོན། ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་ངེས་པར་དུ་ཝུའུ་ཁི་ལན་ཤར་ལྷོའི་ས་ཁུལ་གྱི་འཐུས་མིར་ངོ་བོ་རང་བཞིན་ལྡན་པའི་ཆབ་སྲིད་གྲོས་མོལ་བྱེད་དགོས་ཟེར།

རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་མིག་སྔར་ཝུའུ་ཁི་ལན་ཤར་ལྷོའི་ས་ཁུལ་ནས་སྤེལ་བའི་བྱ་འགུལ་ལ་གདེང་འཇོག་ཆེན་པོ་བྱས་པར་མ་ཟད། མུ་མཐུད་དུ་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐད་ནས་རིམ་པ་སོ་སོའི་གྲོས་མོལ་བྱེད་རྒྱུ་ཁས་ལེན་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག