མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་སྡེབ་རང་སྲུང་དབང་ཆའི་བཀག་རྒྱ་མེད་པ་བཟོས་པ་དེ་ལྗར་པན་འགོག་སྲུང་གི་རྒྱབ་ཤ་དཀར་པོའི་དེབ་གསར་པའི་ནང་བཀོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-07 11:02

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྗར་པན་གྱི་འགོག་སྲུང་བློན་ཆེན་ཞའོ་ཡད་སི་ཝུ་ཏན་གྱིས་སྤྱི་ཚེས8ཉིན་གྱི་སྔ་དྲོའི་ནང་བློན་ཁང་གི་གྲོས་ཚོགས་ཐོག སྤྱི་ལོ2014ལོའི་དཔར་མའི་འགོག་སྲུང་གི་རྒྱབ་ཤ་དཀར་པོའི་དེབ་ལ་དམིགས་ནས་སྙན་ཞུ་སྤེལ་ཡོད་པ་རེད། ་རྒྱབ་ཤ་དཀར་པོའི་དེབ་གསར་པའི་ནང་། རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་ནས་མཉམ་སྡེབ་རང་སྲུང་དབང་ཆའི་བཀག་རྒྱ་མེད་པར་བཟོས་པའི་ནང་བློན་ཁང་གི་ཐག་གཅོད་ནང་དོན་དེ་རྒྱབ་ཤ་དཀར་པོའི་དེབ་ནང་ཐེངས་དང་པོར་བཀོད་ཡོད་པ་རེད། གཞན་ཡང་། རྒྱབ་ཤ་དཀར་པོའི་དེབ་ནང་སྔར་བཞིན་སྔོན་མ་དང་འདྲ་བར་ཀྲུང་གོར་དམིགས་ཡོད་པ་དང་། མཁའ་སྲུང་དབྱེ་འབྱེད་ཁུལ་དང་། ཀྲུང་གོའི་གཞུང་དོན་གྲུས་ཏེའོ་ཡུས་གླིང་ཕྲན་ལ་སྐོར་ཞིབ་བྱེད་པ་སོགས་ལ་ཁ་གཡར་ནས་འཁྲུག་རྐྱེན་སློང་གི་ཡོད་པ་རེད།

ལྗར་པན་ཕྱོགས་ཀྱི་འབྲེལ་ཡོད་གཏམ་བརྗོད་ཐད། ཀྲུང་གོའི་ཕྱོགས་ནས་སྔ་ས་ནས་དགག་པ་ནན་པོ་རྒྱག་མྱོང་ཡོད་པ་དང་། ལྗར་པན་ཕྱོགས་ཀྱི་གཏམ་བརྗོད་ཀྱིས་དཀར་ནག་ཕྱིན་ཅི་ལོག་པ་དང་། ཉ་དང་ཉུང་མ་མཉམ་བསྲེས་བྱེད་པ་ཞིག་ཡིན་པས་དེ་ནི་འགན་མི་ཁུར་བའི་གཏམ་བརྗོད་ཞིག་ཡིན་པ་བསྟན་ཡོད། ལྗར་པན་ཕྱོགས་ནས་རང་ངོས་ཀྱི་ནོར་འཁྲུལ་བྱེད་སྟངས་ལ་ངོས་འཛིན་གསལ་པོ་ཡོང་བ་བྱེད་དགོས་པ་དང་། གཏམ་བརྗོད་སྤེལ་སྐབས་བསམ་གཞིགས་གཟབ་ནན་བྱེད་དགོས་པ། དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཨེ་ཤ་ཡ་གླིང་གི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག