མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་གི་རྒྱལ་སར་མུ་འབྲེལ་འབར་གས་འཇབ་རྒོལ་དོན་རྐྱེན་ལས་མི140ལ་ཤི་རྨས་བཟོས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-07 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས6ཉིན། དབྱི་རག་ནང་སྲིད་པུས། ཉིན་དེའི་དགོང་མོ་རྒྱལ་ས་པ་ཀེ་དར་འབར་གས་འཇབ་རྒོལ་ཐེངས་མང་ཐོན་སྟེ་ཉུང་མཐར་ཡང་མི32རྐྱེན་ལམ་དུ་བཏང་བ་དང་། མི108ལ་རྨས་སྐྱོན་ཕོག་ཡོད་ཅེས་བཤད་ཡོད་པ་རེད།

གནས་ཚུལ་སྤེལ་བར་གཞིགས་ན། འབར་གས་འཇབ་རྒོལ་དོན་རྐྱེན་ཐོན་སའི་ས་དར་གྲོང་དང་། ཨར་ཉི་ཨེ་ཇི་ཡེ་ཁུལ། ཨུ་ཨར་ཁུལ་བཅས་ནི་པ་ཀེ་ད་གྲོང་ཁྱེར་གྱི་ཧྲེ་ཡས་ཤོག་ཁག་གི་མུ་སི་ལིན་བའི་འདུས་སྡོད་ས་ཁོངས་ཡིན་པ་རེད། མིག་སྔར་སྒྲིག་འཛུགས་སུ་ཞིག་གིས་ཀྱང་འཇབ་རྒོལ་དོན་རྐྱེན་དེ་དག་བཟོས་པ་ཁས་ལེན་བྱེད་མཁན་བྱུང་མེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག