མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་ཡུན་ནན་ལུའུ་ཏན་གྱི་ས་ཡོམ་ཐད་ཀྲུང་གོའི་ཕྱོགས་ལ་འཚམས་འདྲི་ཞུས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-07 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ8པའི་ཚེས5ཉིན་ནས་ཚེས6ཉིན་བར། ཡང་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣ་ཁག་ཅིག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་ལ་ཞལ་པར་བསྐྱོན་པ་དང་གློག་འཕྲིན་བཏང་ནས་ཡུན་ནན་ལུའུ་ཏན་ས་ཡོམ་གནོད་འཚེའི་ཐད་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ལ་འཚམས་འདྲི་ཞུས་པ་དང་རྒྱབ་སྐྱོར་ཞུ་ལུགས་མཚོན་པར་བྱས་ཡོད་པ་རེད།

འགོ་ཁྲིད་མི་སྣ་དེ་དག་ནི། ཁུ་པའི་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཅིག་ལྕོགས་ལོ་འར་ཁ་སི་ཐེ་ལོ་དང་། པུ་རུ་ནེའི་སུའུ་ཏན་ཧ་སང་ནར། སི་རི་ལན་ཁའི་ཙུང་ཐུང་ལ་ཅ་ཕ་ཁེ་ས། ཕ་ཁི་སི་ཐན་གྱི་ཙུང་ཐུང་ཧའུ་སད་དབྱིན་དང་ཙུང་ལི་ཤད་ལི་ཧྥུ། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སན། ནེ་པ་ལའི་ཙུང་ལི་ག་དབྱི་ལ་ལ། ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཕེ་ཅིན་སན། ལྷོ་ཁོ་རེ་ཡའི་ཙུང་ལི་ཀྲེང་ཧུང་ཡོན། ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཨ་དན་པ་ཡེ་ཧྥུ་དང་ཙུང་ལི་ཨའོ་ཐོར་པ་ཡེ་ཧྥུ། ད་ཅི་སི་ཐན་གྱི་ཙུང་ཐུང་ལ་ཧེ་མོང་། ཨུ་ཙེ་པེ་ཁེ་སི་ཐན་གྱི་ཙུང་ཐུང་ག་ལི་མོ་ཧྥུ། ཐུར་ཁེའི་ཙུང་ཐུང་ཅུའུར་དང་ཙུང་ལི་ཨེར་ཏོ་ཨན། ཁན་ནི་ཡའི་ཙུང་ཐུང་གི་ལས་ཚབ་ལུ་ཐོ། སེ་ཧྲེར་གྱི་ཙུང་ཐུང་མི་ཤེར། མ་ལིའི་ཙུང་ལི་མ་ལ། ཝེ་ནེ་ཙུའེ་ལའི་ཙུང་ཐུང་མ་ཏུ་ལོ། པོ་ལི་ཝེ་ཡའི་ཙུང་ཐུང་མོ་ལ་ལེ་སེ། ལི་ཐོ་ཝན་གྱི་ཙུང་ཐུང་ཀེ་ལི་པའོ་སེ་གའི་ཐེ་དང་ཙུང་ལི་པུ་ཐེ་ཁེ་ཝེ་ཆིའུ་སེ། ཨུ་ཁེ་ལན་གྱི་ཙུང་ལི་ཡ་ཚད་ཉིའུ་ཁེ་སོགས་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག