མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་ཡིས་འཇར་པན་དང་རྩོད་གཞིར་གྱུར་བའི་མངའ་ཁོངས་གནད་དོན་གྱི་གྲོས་མོལ་རྗེས་སུ་སྣུར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-06 11:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ལྔ་ཉིན་བསྟན་དོན། ཨུ་རུ་སི་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གཞོན་པས་ཟླ་བརྒྱད་པའི་ཟླ་མཇུག་ཏུ་ནན་ཆན་ཏའོ་གླིང་ཚོམས་ཀྱི་རྩོད་གཞིར་གྱུར་བའི་མངའ་ཁོངས་གནད་དོན་གྱི་གྲོས་མོལ་རྗེས་སུ་སྣུར་རྒྱུ་ཡིན་པ་དང་། རྗེས་སུ་སྣུར་བའི་རྒྱུ་རྐྱེན་ནི་འཇར་པན་གྱིས་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པས་ཡིན་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་གསར་འགྱུར་སི་ཡི་སི་ཀྲང་གཞོན་པ་ཀྲ་ཧཱ་ལོ་ཝ་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཨུ་རུ་སི་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གཞོན་པས་ད་ལོའི་ཟླ་བརྒྱད་པའི་ཟླ་མཇུག་ཏུ་རྩོད་གཞིར་གྱུར་བའི་མངའ་ཁོངས་གནད་དོན་གྱི་གྲོས་མོལ་སྤེལ་བར་ཐག་བཅད་ཡོད་ཀྱང་། འཇར་པན་ཕྱོགས་ཀྱིས་ཨུ་རུ་སི་ལ་སྐོར་ཐེངས་གསར་བའི་བཀག་སྡོམ་བྱས་པའི་དབང་གིས་ཨུ་རུ་སི་ཡིས་བལྟས་ན། གནས་བབ་འདི་འདྲའི་འོག་གྲོས་མོལ་དེ་འདྲ་སྤེལ་ན་ཅུང་མི་འཚམ་པས་གྲོས་མོལ་རྗེས་སུ་སྣུར་བ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག