མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་དབུས་ཤར་གནད་དོན་གྱི་འབྲེལ་ཡོད་ཕྱོགས་བཞིའི་ཆེད་མངག་ཕོ་ཉ་དང་གྲོས་མོལ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-06 11:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་ཀྲུའུ་ཏཱ་ཡིས་ཚེས་ལྔ་ཉིན་ཅོར་ཏན་གྱི་རྒྱལ་ས་ཨན་མན་ནས་འཚམས་འདྲིར་ཡོང་བའི་དབུས་ཤར་གནད་དོན་གྱི་འབྲེལ་ཡོད་ཕྱོགས་བཞིའི་ཆེད་མངག་ཕོ་ཉ་པུའུ་ལེ་ཨར་ལ་ཐུག་འཕྲད་བྱས་པ་དང་། ཕྱོགསག་གཉིས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ཡང་བསྐྱར་ཛ་དྲག་ཏུ་གྱུར་བ་དང་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པར་ཧུར་ཐག་གིས་ཡར་སྐུལ་བྱེད་པ་སོགས་ལས་དོན་ཐད་ནས་གྲོས་མོལ་བྱས།

ཅོར་ཏན་གྱི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཀྲུའུ་ཏཱ་ཡིས་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་རིམ་བཞིན་ཛ་དྲག་ཏུ་གྱུར་བའི་ཐད་ནས་པུའུ་ལེ་ཨར་དང་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་གང་མགྱོགས་སྒོས་མི་སེར་དཀྱུས་མའི་ཁྲག་བཞུར་དོན་རྐྱེན་ལ་བཀག་འགོག་དང་དྲག་ཤུགས་མཚམས་འཇོག་པའི་གྲོས་མཐུན་འགོད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་པར་མ་ཟད། ཨེ་ཅིབ་ཀྱིས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་ལ་རྒྱབ་སྐྱོར་དང་ལག་བསྟར་བྱེད་དགོས་པ་ནན་གྱིས་བསྟན།

གསལ་སྒྲོག་ལས་བཤད་རྒྱུར། ཀྲུའུ་ཏཱ་ཡིས་ཅོར་ཏན་གྱིས་དབྱི་སི་རལ་གྱིས་ཡང་དང་བསྐྱར་དུ་ཅཱ་ཧྲ་ས་ཁུལ་གྱི་མི་སེར་དཀྱུས་མར་འཇབ་རྒོལ་བྱས་པར་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། དེའི་བཙན་འཛུལ་བྱ་སྤྱོད་དེ་ལས་མི་མང་བོར་ཤི་རྨས་ཐེབས་ཡོད་ལ། ཅོར་ཏན་སྲིད་གཞུང་གིས་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་མི་དམངས་ལ་ཉེས་པ་གནམ་གྱིས་མི་ཁེབས་པ་བཟོས་པར་རྒོལ་གཏམ་གཏོང་བཞིན་ཡོད་ཟེར། ཁོས་བསྟན་དོན། ཅོར་ཏན་གྱིས་རྒྱལ་བོ་ཨ་པུའུ་ཏུའུ་ལཱའི་མགོ་ཁྲིད་འོག དབྱི་སི་རལ་གྱིས་མི་སེར་དཀྱུས་མར་བཙན་འཛུལ་དང་དམར་གསོད་གཏོང་བར་བཀག་འགོག་བྱེད་པའི་ཐད་འབད་བརྩོན་བྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་ནན་གྱིས་བསྟན་དོན། དབྱི་སི་རལ་གྱིས་གདུག་རྩུབ་ཆེ་བའི་སྒོ་ནས་བཙན་འཛུལ་མི་བྱེད་པར་འགན་སྲུང་བྱེད་ཆེད། ཐག་གཅོད་བྱེད་ཐབས་ཉག་ཅིག་ནི་ཆབ་སྲིད་ཀྱི་ཐབས་ལམ་ཡིན་པ་དང་། ཕྱོགས་ཡོངས་ཀྱི་ཆབ་སྲིད་གྲོས་མོལ་སླར་གསོ་བྱས་ཤིང་། གཅིག་སྟོང་དགུ་བརྒྱ་རེ་བདུན་ལོར་གཏན་འཁེལ་བྱས་པའི་རྒྱལ་མཚམས་གཞིར་བཟུང་སྟེ། ཕཱ་ལེ་སི་ཐན་མི་དམངས་ཀྱི་རང་གི་མངའ་ཁོངས་ཀྱི་ལ་རྒྱ་དང་། སྒེར་ཚུགས། བདག་དབང་བཅས་ལ་འགན་སྲུང་ཐོབ་པ་དང་། ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་པའི་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་ཅིག་འཛུགས་དགོས་ཟེར།

པུའུ་ལེ་ཨར་གྱིས་ཅོར་ཏན་གྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པ་དང་དྲག་ཤུགས་ལ་བཀག་འགོག་བྱེད་པའི་ཐད་འབད་བརྩོན་ཆེན་པོ་བྱས་པར་གཟེངས་བསྟོད་དང་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པར་མ་ཟད། དོན་དེའི་ཐད་ནས་ཅོར་ཏན་དང་མཉམ་དུ་མུ་མཐུད་དུ་མཐུན་སྦྱོར་དང་གྲོས་མོལ་བྱེད་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག