མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་དཀར་པོས་ཝུའུ་ཁི་ལན་ལ་རྡོ་སྣུམ་འདོན་སྤྲོད་བྱེད་འདོད་ཡོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-06 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་ཚེས་བཞི་ཉིན་ཁ་པར་བརྒྱུད་དེ་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ལ་བཤད་རྒྱུར། ཨུ་རུ་སི་དཀར་པོས་ཝུའུ་ཁི་ལན་ལ་རྡོ་སྣུམ་ཐོན་རྫས་ཕྱིར་གཏོང་བྱེད་རྩིས་ཡོད་ཟེར། ཨུ་རུ་སི་དཀར་པོའི་ཙུང་ཐུང་བཞུགས་ཤག་གི་གསལ་སྒྲོག་ལྟར་ན། ཨུ་རུ་སི་དཀར་པོས་གནད་དོན་གྱི་ཚབས་ཆེན་རང་བཞིན་ཤེས་ཡོད་ལ། རྒྱལ་ནང་དུ་དགོས་མཁོ་ཡོད་ཀྱང་ཨུ་རུ་སི་དཀར་པོས་ཝུའུ་ཁི་ལན་གྱིས་རང་གི་དཔལ་འབྱོར་ཁྲོད་རྡོ་སྣུམ་ཐོན་རྫས་ཡོད་པར་འགན་སྲུང་བྱེད་པར་རོགས་རམ་བྱེད་རྒྱུ་ཡིན་ཟེར།

ཝུའུ་ཁི་ལན་ནི་འཛམ་གླིང་སྟེང་ལོ་ཏོག་ཕྱིར་གཏོང་བྱེད་པའི་རྒྱལ་ཁབ་གཙོ་བོ་ཞིག་ཡིན་པ་དང་། དེང་སྐབས་སྟོན་བསྡུའི་དུས་ལ་བབས་ཡོད་ཀྱང་། འབར་སྣུམ་གྱི་རིན་གོང་ཇེ་མཐོར་སོང་བའི་དབང་གིས་སྟོན་བསྡུ་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད།

ཨུ་རུ་སི་དཀར་པོར་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭ་ཆེ་གྲས་གཉིས་ཡོད་པ་དང་། གཙོ་བོ་ཨུ་རུ་སི་ནས་ནང་འདྲེན་བྱས་པའི་རྡོ་སྣུམ་ལ་བརྟེན་བཞིན་ཡོད། ཨུ་རུ་སིའི་བར་བཀོད་པའི་སྒོ་ཁྲལ་མནའ་མཐུན་རྒྱལ་ཁབ་ཀྱི་གྲོས་ཆོད་ལྟར་ན། ཨུ་རུ་སི་ཡིས་ད་ལོར་ཨུ་རུ་སི་དཀར་པོར་སྒོ་ཁྲལ་མེད་པའི་རྡོ་སྣུམ་ཏུན་བྱེ་བ་གཉིས་དང་ས་ཡ་གསུམ་སྐྱེལ་འདྲེན་བྱེད་རྒྱུ་ཡིན་པ་དང་། ཨུ་རུ་སི་དཀར་པོས་རྡོ་སྣུམ་ཐོན་རྫས་ཕྱིར་གཏོང་བྱས་ཏེ། ཨུ་རུ་སི་ལ་རྡོ་སྣུམ་ཐོན་རྫས་ཕྱིར་གཏོང་གི་ཁྲལ་དངུལ་སྤྲོད་རྒྱུ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག