མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་ཡིས་ཝུའུ་ཁི་ལན་དང་འབྲེལ་བའི་མཐའ་མཚམས་ས་ཁུལ་ནས་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-05 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་མཁའ་དམག་གིས་ཚེས་བཞི་ཉིན་ནས་བཟུང་ཨུ་རུ་སིའི་དབུས་ཕྱོགས་དང་ནུབ་ཕྱོགས་ས་ཁུལ་ནས་དུས་ཡུན་ཉིན་བཞིའི་རིང་གི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་མགོ་བརྩམས་པ་དང་། བསྡོམས་པས་དམག་བཀོལ་གནམ་གྲུ་བརྒྱ་ལྷག་དམག་དོན་སྦྱོང་བརྡར་བྱ་འགུལ་ལ་ཞུགས། ལུའུ་ཐིག་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་བྱ་འགུལ་དེ་ཝུའུ་ཁི་ལན་དང་འབྲེལ་བའི་མཐའ་མཚམས་ས་ཁུལ་ནས་སྤེལ་བ་ཡིན་པ་དང་། ཨུ་རུ་སི་ཡིས་ཐེངས་འདིའི་གོ་སྐབས་ལ་བརྟེན་ནས་དམག་དཔུང་གི་སྟོབས་ཤུགས་ངོམས་རྩིས་རེད་ཟེར།

ཨུ་རུ་སིའི་མཁའ་མཁག་གི་མགྲིན་ཚབ་པ་ཁི་ལེ་མའོ་ཧྥུའུ་ཡིས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ཨུ་རུ་སིའི་དམག་དཔུང་གིས་རྩ་འཛུགས་བྱས་པའི་དམག་དོན་སྦྱོང་བརྡར་རབ་དང་རིམ་པའི་ཡ་གྱལ་ཡིན་པ་དང་། དམིགས་ཡུལ་ནི་ཨུ་རུ་སིའི་དམག་དཔུང་གི་མཐུན་སྦྱོར་ནུས་པར་ཤུགས་སྣོན་བྱེད་པའི་ཆེད་དུ་ཡིན་ཟེར།

ཁི་ལེ་མའོ་ཧྥུའུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། སྦྱོང་བརྡར་ལ་ཞུགས་པའི་དམག་བཀོལ་གནམ་གྲུ་ལ་སུའུ-27རྟགས་ཅན་དང་མུས་ཀི-31རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དང་། སུའུ-34རྟགས་ཅན་གྱི་འགས་གཏོར་གནམ་གྲུ། དེ་མིན་མུས-8ཅན་དང་མུས-24ཅན། མུས-28ཅན་བཅས་ཀྱི་གྱེན་འཕུར་གནམ་གྲུ་སོགས་ཡོད་ཟེར།

ཁི་ལེ་མའོ་ཧྥུའུ་ཡིས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་ཁྲོད། སྦྱོང་བརྡར་ལ་ཞུགས་པའི་དམག་བཀོལ་གནམ་གྲུ་ས་ངོས་དང་བར་སྣང་གི་དམིགས་འབེན་ལ་རྒོལ་ལན་སྤྲོད་པར་སྦྱོང་བརྡར་བྱེད་རྒྱུ་མ་ཟད། ཨུ་རུ་སིའི་ལྷོ་ཕྱོགས་ཀྱི་ཨ་སི་ཐི་ལཱ་ཧན་ཀྲིག་གི་ཨ་ཧྲུའུ་ལུའུ་ཁི་སྦྱོང་བརྡར་ར་བ་ནས་མཁའ་སྲུང་འཕུར་མདའ་གཏོང་འཕེན་བྱས་ཏེ། མཁའ་དམག་དང་འཕུར་མདའི་འགོག་སྲུང་དམག་དཔུང་བར་གྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཆེད་དུ་སྦྱོང་བརྡར་བྱེད་རྒྱུ་རེད།

མིག་སྔར་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ད་རུང་ཐེངས་འདིའི་དམག་དོན་སྦྱོང་བརྡར་ཐད་དཔྱད་བརྗོད་ཅི་ཡང་སྤེལ་མེད།

ཁི་ལེ་མའོ་ཧྥུའུ་ཡིས་གཏམ་བཤད་སྤེལ་སྐབས་ཝུའུ་ཁི་ལན་གླེང་མེད་ཀྱང་། ལུའུ་ཐིག་གསར་འགྱུར་ཁང་གིས་བལྟས་ན། ཝུའུ་ཁི་ལན་གྱི་རྒྱལ་མཚམས་སུ་ཉེ་བའི་དབང་གིས་ཨུ་རུ་སིའི་ཐེངས་འདིའི་དམག་དོན་སྦྱོང་བརྡར་བྱ་འགུལ་དེས་ནུབ་ཕྱོགས་རྒྱལ་ཁབ་དག་ལ་དངངས་འཚུབ་སྐྱེས་སུ་འཇུག་སྲིད་པར་འདོད།

ནུབ་ཕྱོགས་རྒྱལ་ཁབ་དག་གིས་ནམ་རྒྱུན་ཨུ་རུ་སི་ཡིས་ཝུའུ་ཁི་ལན་དང་འབྲེལ་བའི་མཐའ་མཚམས་ས་ཁུལ་དུ་དམག་དཔུང་བཀོད་སྒྲིག་བྱས་ཏེ་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་དམངས་ཁྲོད་དྲག་ཆས་པར་རྒྱབ་སྐྱོར་བྱས་པར་སྐྱོན་འཛུགས་བྱེད་བཞིན་ཡོད་ཀྱང་། ཨུ་རུ་སི་ཡིས་དེ་གཏན་ནས་ཁས་ལེན་བྱེད་ཀྱིན་མེད།

ནུབ་ཕྱོགས་རྒྱལ་ཁབ་དག་གིས་སྔོན་ཆད་ཨུ་རུ་སི་ཡིས་ཝུའུ་ཁི་ལན་དང་འབྲེལ་བའི་མཐའ་མཚམས་ས་ཁུལ་ནས་དམག་དོན་སྦྱོང་བརྡར་སྤེལ་བར་སྐྱོན་བརྗོད་བྱས་མྱོང་། ད་ལོའི་ཟླ་གསུམ་པར། ཨུ་རུ་སི་ཡིས་ཝུའུ་ཁི་ལན་དང་འབྲེལ་བའི་མཐའ་མཚམས་ས་ཁུལ་ནས་མེ་སྒྱོགས་དམག་དཔུང་གི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བ་དང་། དམག་མི་སྟོང་བརྒྱད་དང་ལྔ་བརྒྱ་སྦྱོང་བརྡར་ལ་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག