མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་དང་འཇར་མན་གྱི་ཙུང་ཐུང་གིས་མཉམ་དུ་འཛམ་གླིང་འཁྲུག་ཆེན་དང་པོའི་སྐབས་རྐྱེན་ལམ་དུ་ཤོར་བའི་དམག་མིར་མྱ་ངན་ཞུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-05 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་དང་འཇར་མན་གྱི་ཙུང་ཐུང་ཀའོ་ཁི་གཉིས་ཀྱིས་ཚེས་གསུམ་ཉིན་ཧྥ་རན་སིའི་ཨ་ཨར་སཱ་སི་ནས་འཇར་མན་གྱིས་ཧྥ་རན་སི་ལ་དམག་བརྡ་བཏང་ནས་ལོ་ངོ་བརྒྱ་འཁོར་བའི་རྗེས་དྲན་བྱ་འགུལ་ལ་ཞུགས་སྐབས། མཉམ་དུ་ཕྱོགས་གཉིས་ཀྱི་འཛམ་གླིང་འཁྲུག་ཆེན་དང་པོའི་སྐབས་རྐྱེན་ལམ་དུ་ཤོར་བའི་དམག་མིར་མྱ་ངན་ཞུས།

རྗེས་དྲན་བྱ་འགུལ་དེ་ཨ་ཨར་སཱ་སིའི་རི་ཁུལ་གྱི་གཡུལ་ས་ཞིག་ནས་སྤེལ། སྔོན་ཆད་གཡུལ་ས་དེ་འཕྲོག་རྩོད་བྱེད་ཆེད་ཧྥ་རན་སི་དང་འཇར་མན་གྱི་དམག་མི་ཁྲི་གསུམ་ཙམ་རྐྱེན་ལམ་དུ་ཤོར་བ་རེད།

ཚེས་བཞི་ཉིན། རྒྱལ་ཁབ་ཉི་ཤུའི་མགོ་གཙོ་དང་སྲིད་གཞུང་གི་མགོ་གཙོས་པུ་ལི་ཧྲིའི་གྲོང་ཁྱེར་ནས་འདུ་འཛོམས་བྱས་ཏེ། འཇར་མན་གྱིས་པུ་ལི་ཧྲི་ལ་བཙན་འཛུལ་བྱས་ནས་ལོ་ངོ་བརྒྱ་འཁོར་བར་རྗེས་དྲན་བྱས། འཇར་མན་གྱིས་བཙན་འཛུལ་བྱེད་པའི་ཉིན་དེར་དབྱིན་ཇི་རྒྱལ་ཁབ་ཀྱིས་འཇར་མན་ལ་དམག་བརྡ་བཏང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག