མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་མན་གྱིས་ཨུ་རུ་སིའི་བར་གྱི་དམག་ཆས་ཕྱིར་འཚོང་གན་རྒྱ་མེད་པར་བཟོས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-05 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གནད་དོན་གྱི་ཤུགས་རྐྱེན་དབང་གིས་འཇར་མན་སྲིད་གཞུང་གིས་ཨུ་རུ་སིའི་བར་བཀོད་པའི་དམག་ཆས་ཕྱིར་འཚོང་གི་གན་རྒྱ་ཞིག་མེད་པར་བཟོ་རྒྱུ་ཐག་བཅད་དེ། ཨུ་རུ་སིའི་དམག་དཔུང་གིས་སྒྲིག་ཆས་ཁ་ཚང་བའི་སྦྱོང་བརྡར་བྱེད་ས་འཛུགས་སྐྲུན་བྱེད་པར་རོགས་རམ་བྱེད་རྒྱུ་མ་རེད། གན་རྒྱ་དེའི་གྲངས་འབོར་ཡོ་རོབ་གླིང་གི་སྒོར་མོ་དུང་ཕྱུར་གཅིག་ཡིན་པ་དང་། ཁི་ལི་མུས་ཡཱ་ས་ཁུལ་ད་ལོའི་ཟླ་གསུམ་པར་ཨུ་རུ་སིའི་མངའ་ཁོངས་སུ་བྱས་པ་ཁྱབ་སྒྲོག་བྱས་རྗེས། འཇར་མན་གྱིས་གནས་སྐབས་སུ་གན་རྒྱ་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཐག་བཅད། ཨུ་རུ་སི་ཡིས་དེར་མི་དགའ་བའི་རྣམ་འགྱུར་བསྟན་པ་དང་། འཇར་པན་གྱིས་ཆོད་དོན་དེ་འདྲ་བཏོན་པ་ནི་ཨ་མེ་རི་ཁའི་གནོན་ཤུགས་ཐེབས་པའི་དབང་གིས་ཡིན་པར་འདོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག