མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱ་གར་གྱིས་ནེ་པཱ་ལཱར་མེ་སྒོར་ཐེར་འབུམ་གཅིག་གི་དངུལ་བུན་འདོན་སྤྲོད་བྱེད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-04 10:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཚམས་འདྲིར་ཡོང་བའི་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཀྱིས་ཚེས་གསུམ་ཉིན་ནེ་པཱ་ལཱའི་ཙུང་ལི་ཁི་དབྱེ་ལཱ་ལཱ་དང་གྲོས་མོལ་བྱེད་སྐབས་བསྟན་དོན། རྒྱ་གར་གྱིས་ནེ་པཱ་ལཱ་རྒྱལ་ཁབ་ལ་མེ་སྒོར་ཐེར་འབུམ་གཅིག་གི་དངུལ་བུན་འདོན་སྤྲོད་བྱས་ཏེ། ནེ་པཱ་ལཱའི་རྨང་གཞིའི་སྒྲིག་ཆས་དང་ནུས་ཁུངས་ལས་གཞི་འཕེལ་རྒྱས་སུ་གཏོང་བའི་ཐད་བཀོལ་རྒྱུ་ཡིན་ཟེར།

རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་ད་རུང་བཟོད་སྒོམ་བརྗེད་ཐོ་གཉིས་བཀོད་པ་དང་། གཅིག་ནི་འཕྲོད་བསྟེན་བདེ་ཐང་ལས་གཞི་ཡིན་པ་དང་། རྒྱ་གར་གྱིས་ནེ་པཱ་ལཱ་རྒྱལ་ཁབ་ལ་མེ་སྒོར་འབུམ་དྲུག་དང་ཁྲི་དགུ་ལྷག་གི་རོགས་སྐྱོར་བྱས་ཏེ། ནེ་པཱ་ལཱའི་ཞིང་སྡེ་ས་ཁུལ་གྱི་བ་ཚྭ་ཆད་པ་ལས་བྱུང་བའི་རིམས་ནད་ཚོད་འཛིན་བྱེད་རྒྱུ་ཡིན་པ་དང་། ལས་གཞི་གཞན་ཞིག་ནི་སྨྱན་བྱད་ཀྱི་མཉམ་ལས་ཡིན། རྒྱ་གར་གྱི་རྒྱལ་གཉེར་བརྙན་འཕྲིན་ཁང་གིས་ནེ་པཱ་ལཱའི་རྒྱལ་ཁབ་བརྙན་འཕྲིན་ཁང་ལ་ལག་རྩལ་གྱི་རོགས་སྐྱོར་བྱེད་རྒྱུ་རེད།

མའོ་ཏིས་ཀྱིས་ཚེས་གསུམ་ཉིན་ནས་བཟུང་ནེ་པཱ་ལཱ་རྒྱལ་ཁབ་ལ་དུས་ཡུན་ཉིན་གཉིས་ཀྱི་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད། དེ་ནི་ལོ་ངོ་བཅུ་བདུན་རིང་རྒྱ་གར་གྱི་ཙུང་ལི་ཡིས་ཐོག་དང་པོར་ནེ་པཱ་ལཱ་རུ་འཚམས་འདྲི་བྱས་པ་རེད།

འཚམས་འདྲིའི་སྐབས་སུ། མའོ་ཏིས་ཀྱིས་ད་རུང་ནེ་པཱ་ལཱའི་ཙུང་ཐུང་ཡཱ་ཏཱ་ཧྥུའུ་དང་གྲོས་མོལ་བྱེད་རྒྱུ་མ་ཟད། ནེ་པཱ་ལཱའི་གྲོས་ཁང་ནས་གཏམ་བཤད་སྤེལ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག