མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་པཱ་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་ལ་གནོན་ཤུགས་བྱིན་ནས་འཁྲུག་རྩོད་མཚམས་འཇོག་ཏུ་འཇུག་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-04 10:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་ལ་གནོན་ཤུགས་བྱིན་ནས། ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མཚམས་འཇོག་ཏུ་འཇུག་དགོས་པའི་འབོད་སྐུལ་བཏང་།

ཨ་པཱ་སི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། དབྱི་སི་རལ་གྱི་བྱ་སྤྱོད་ནི་ཕཱ་ལེ་སི་ཐན་མི་དམངས་ལ་མཚོན་ན་ནག་ཉེས་ཡིན་པ་དང་། འདས་པའི་ཉིན་ཉེར་བདུན་རིང་དབྱི་སི་རལ་གྱིས་ཆ་སྙོམས་དུས་ཚོད་རེའི་ནང་ཕཱ་ལེ་སི་ཐན་གྱི་མི་བཅུ་བདུན་བསད་པ་དང་། དུས་ཚོད་རེའི་ནང་བྱིས་པ་གཅིག་གི་ཚེ་སྲོག་ཤོར་བ་རེད་ཟེར།

ཨ་པཱ་སི་ཡིས་ད་རུང་དབྱི་སི་རལ་གྱིས་འཛེམ་དོགས་ཅི་ཡང་མེད་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་རོགས་སྐྱོར་དང་བཟོ་སྐྲུན་ཁྲུའུ་ཡི་སློབ་གྲྭར་འཇབ་རྒོལ་བྱས་ཏེ་མི་བཅུ་ཕྲག་འགར་ཤི་རྨས་བཟོས་ཡོད་ཟེར། ཁོས་བཤད་རྒྱུར། ཕཱ་ལེ་སི་ཐན་གྱི་ཕྱོགས་ཁག་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་དུས་ཚོད་དོན་གཉིས་རིང་གི་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པར་འཐད་པ་བྱུང་ཡོད་ལ། དབྱི་སི་རལ་གྱིས་ཀྱང་གྲོས་གཞི་དེ་དང་ལེན་བྱེད་དགོས་ཟེར།

ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཕཱ་ལེ་སི་ཐན་གྱི་འཐུས་ཚབ་ཚོགས་པ་ཚེས་གསུམ་ཉིན་ཁེ་རོ་ནས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་བྱེ་བྲག་གི་ཆ་རྐྱེན་བཏོན། དེའི་ནང་ཅཱ་ཧྲ་ས་ཁུལ་གྱི་བཀག་སྡོམ་མེད་པར་གཏོང་བ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་ནས་བཙུགས་པའི་བདེ་འཇགས་ས་ཁུལ་མེད་པར་གཏོང་བ། ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ཀྱིས་བཏོན་པའི་ཕཱ་ལེ་སི་ཐན་གྱི་མི་སྐོར་ཐེངས་བཞི་བ་ཕྱིར་གཏོང་བའི་དམ་བཅའ་ལག་བསྟར་བྱེད་པ་སོགས་འདུས། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་དེའི་རྗེས་སུ་གྲོས་གཞི་དེ་ཨེ་ཅིབ་ལ་སྤྲད་དེ་གྲོས་བསྡུར་བྱེད་དུ་འཇུག་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག