མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཀྲུང་གོའི་ཡུན་ནན་དུ་ས་འགུལ་བྱུང་ནས་མི་སྣ་ཤི་རྨས་བྱུང་བར་ཡིད་སྐྱོ་བའི་ཚུལ་བསྟན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-04 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་གསུམ་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཀྲུང་གོའི་ཡུན་ནན་ཞིང་ཆེན་དུ་ཉིན་དེར་ས་འགུལ་བྱུང་སྟེ། མི་སྣ་ཤི་རྨས་དང་། ཁྱིམ་གཞིས་དང་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་ཐེབས་པར་ཡིད་སྐྱོ་བའི་ཚུལ་བསྟན།

ཕན་ཅི་ཝུན་གྱིས་གསལ་སྒྲོག་ནང་ཀྲུང་གོའི་སྲིད་གཞུང་དང་། ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཤི་བོའི་ཁྱིམ་མིར་འཚམས་འདྲི་བྱས་པར་མ་ཟད། རྨས་མ་དང་གནོད་ཐེབས་མང་ཚོགས་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན། ཁོས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རོགས་སྐྱོར་བྱེད་འདོད་ཡོད་པ་དང་། གནོད་འཚེ་དེ་ལས་བྱུང་བའི་མི་ཆོས་རིང་ལུགས་ཀྱི་དགོས་མཁོ་ཐག་གཅོད་བྱེད་པར་འབད་བརྩོན་བྱེད་རྒྱུ་མ་ཟད་མཁོ་བའི་རྒྱལ་སྤྱིའི་རྒྱབ་སྐྱོར་གང་རུང་སྐུལ་སློང་བྱེད་རྒྱུའི་ཚུལ་བསྟན།

ཀྲུང་གོའི་ཡུན་ནན་ཞིང་ཆེན་གྱི་ཀྲའོ་ཐུང་གྲོང་ཁྱེར་ལུའུ་ཏེན་རྫོང་གི་མངའ་ཁོངས་སུ་ཚེས་གསུམ་ཉིན་ཚད་རིམ་དྲུག་དང་གྲངས་ཆུང་ལྔའི་ས་འགུལ་བྱུང་བ་དང་། མིག་སྔའི་བར་ཉུང་མཐར་ཡང་མི་སུམ་བརྒྱ་དང་རེ་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གཅིག་དང་བརྒྱད་བརྒྱ་ལྷག་ལ་རྨས་ཕོག་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག