མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱ་གར་ནས་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ་མི73རྐྱེན་ལམ་དུ་ཤོར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-03 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་གྱི་རྒུད་སྐྱོབ་མི་སྣས་ཚེས་གཉིས་ཉིན་མུ་མཐུད་དུ་ནུབ་ཕྱོགས་ས་ཁུལ་གྱི་རི་ཉིལ་སའི་ས་ཁུལ་དུ་སྔོག་བཤེར་རྒུད་སྐྱོབ་བྱས་པ་དང་། ད་ལྟའི་བར་མི་དོན་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱད་སྲོག་ཉེན་ལས་ཐར་ཟེར།

དོན་རྐྱེན་དེ་མཱ་ཧཱ་ལཱ་ཧྲི་ཐི་ལཱ་པང་གི་མཐའ་འཁོབ་ས་ཁུལ་གྱི་གྲོང་སྡེ་ཞིག་ནས་བྱུང་བ་དང་། ད་ལྟའི་བར་ཡུལ་དངོས་ནས་བེམ་པོ་དོན་གསུམ་རྙེད་ཡོད་ཟེར།

ས་དེའི་དཔོན་རིགས་ཀྱིས་བཤད་རྒྱུར། ད་རུང་མི་བརྒྱད་ཅུ་ལྷག་གར་སོང་རྙེད་མེད་ལ། སྲོག་ཉེན་ལས་ཐར་བའི་རེ་བ་ཧ་ཅང་ཆུང་ཟེར།

ཟླ་བདུན་པའི་ཚེས་སུམ་ཅུ་ཉིན། དྲག་ཆར་བབས་པ་ལས་སྡེ་བ་ཞིག་ནས་རི་ཉིལ་བའི་དོན་རྐྱེན་བྱུང་། ས་དེའི་སྲིད་གཞུང་གིས་བཤད་རྒྱུར། ཧ་ལམ་ཁང་བ་ཞེ་གཉིས་ནས་ལྔ་བཅུ་ཙམ་ས་འོག་ཏུ་མནན་ཡོད་ཟེར། དུས་ཚིགས་ཀྱི་དབང་གིས་རྒྱ་གར་ནུབ་ཕྱོགས་ས་ཁུལ་དུ་ཉེ་སྔོན་བསྟུད་མར་ཆར་བ་བབས་པས། ཐེངས་འདིའི་རི་ཉིལ་བའི་དོན་རྐྱེན་བྱུང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག