མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་རལ་གྱི་ཙུང་ལིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་ནས་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཡིན་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-03 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་གཉིས་ཉིན་གྱི་དགོང་མོར་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། དབྱི་སི་རལ་གྱིས་རང་གི་བདེ་འཇགས་གནས་བབ་སླར་གསོ་བྱེད་རག་བར་དུ་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མུ་མཐུད་དུ་སྤེལ་རྒྱུ་ཡིན་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། དམག་དོན་འགུལ་སྐྱོད་སྤེལ་མ་ཐག་ང་ཚོས་དབྱི་སི་རལ་གྱི་མི་དམངས་ལ་བདེ་འཇགས་སླར་གསོ་བྱེད་རྒྱུ་ཁས་ལེན་བྱས་ཡོད་པ་དང་། ང་ཚོས་དམིགས་འབེན་དེ་མངོན་འགྱུར་བྱེད་རག་བར་དུ་མུ་མཐུད་དུ་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ད་རུང་བཤད་རྒྱུར། དབྱི་སི་རལ་གྱིས་འབད་བརྩོན་གང་ལེགས་བྱས་ཏེ་ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་འཛིན་བཟུང་བྱས་པའི་དབྱི་སི་རལ་གྱི་དམག་མི་སྐྱོབ་པར་གྲ་སྒྲིག་བྱས་ཡོད་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་གཅིག་ཉིན་བཤད་རྒྱུར། རྒྱུས་ལོན་རགས་ཙམ་བྱས་པའི་མཇུག་འབྲས་ལྟར་ན། དབྱི་སི་རལ་གྱི་དམག་མི་གཅིག་ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་མི་སྣས་བཙན་ཁྲིད་བྱས་ཟེར་ཡང་། ཧཱ་མཱ་སིའི་ཕྱོགས་ཀྱིས་དབྱི་སི་རལ་གྱི་གར་སོང་མ་རྙེད་པའི་དམག་མིའི་གནས་ཚུལ་ཅི་ཡང་ཤེས་མེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག