མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གིས་ལེ་པཱ་ནུན་དུ་བྲོས་བྱོལ་བྱས་པའི་སི་རི་ཡཱའི་ཡུལ་གྱར་བ་མི་ས་ཡ་གཅིག་དང་འབུམ་གཅིག་ཁྲི་བཞི་ཙམ་ལ་བསླེབ་ཡོད་པ་ཁྱབ་སྒྲོག་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-03 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གིས་ཚེས་གཉིས་ཉིན་པེ་རུ་ཐི་ནས་ཁྱབ་སྒྲོག་བྱས་དོན། ད་ལྟའི་བར་ལེ་པཱ་ནུན་དུ་བྲོས་བྱོལ་བྱས་ཏེ་ཡུལ་གྱར་བའི་ཐོབ་ཐང་བརྩོན་ལེན་བྱེད་པའི་སི་རི་ཡཱའི་མི་ས་ཡ་གཅིག་དང་འབུམ་གཅིག་ཁྲི་གསུམ་སྟོང་བརྒྱད་དགུ་བརྒྱར་བསླེབ་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གིས་ཉིན་དེར་སྙན་ཞུ་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གིས་ལེ་པཱ་ནུན་གྱི་ས་ཁུལ་རེ་འགར་བཙུགས་པའི་ཐོ་འགོད་ས་ཚིགས་ཀྱིས་སི་རི་ཡཱའི་ཡུལ་གྱར་བར་ཐོ་འགོད་བྱས་པ་དང་། མིག་སྔར་མི་ས་ཡ་གཅིག་དང་འབུམ་གཅིག་ཁྲི་གཅིག་ལྷག་གིས་ཐོ་འགོད་བྱས་ཡོད་པ་དང་། གཞན་ཡང་མི་ཁྲི་གཉིས་དང་སྟོང་བརྒྱད་ལྷག་གིས་ཐོ་འགོད་བྱེད་པར་སྒུག་ཡོད་ཟེར། ཡུལ་གྱར་བ་དེ་དག་ལ་ཡུལ་གྱར་བའི་ལས་དོན་ཁང་སོགས་རྒྱལ་སྤྱིའི་རྒུད་སྐྱོབ་ལས་ཁུངས་ཀྱི་རོགས་སྐྱོར་ཐོབ་བཞིན་ཡོད་ཟེར།

སྙན་ཞུ་ལས་བཤད་རྒྱུར། མིག་སྔར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་ལེ་པཱ་ནུན་གྱི་ས་ཆ་སོ་སོར་ཡོད་པའི་སི་རི་ཡཱའི་ཡུལ་གྱར་བ་འབུམ་བདུན་དང་ཁྲི་དགུ་ལྷག་ལ་གློག་རྡུལ་མཁོ་འདོན་བྱང་བུ་བྱིན་ཏེ། རྒུད་སྐྱོབ་ཟས་རིགས་ལེན་དུ་བཅུག དེ་ལས་གཞན་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་དང་རྒྱལ་སྤྱིའི་རྒུད་སྐྱོབ་རྩ་འཛུགས་གཞན་པ། དེ་མིན་དགེ་སྒྲུབ་ལས་ཁུངས་བཅས་ཀྱིས་ཉེ་སྔོན་ལེ་པཱ་ནུན་དུ་འབྱོར་ནས་ཐོ་འགོད་བྱེད་པར་སྒུག་པའི་སི་རི་ཡཱའི་ཡུལ་གྱར་བ་ཁྲི་གཅིག་དང་སྟོང་ལྔ་ལྷག་ལ་ཐད་ཀར་དུ་རྒུད་སྐྱོབ་དངོས་རྫས་བྱིན།

སྙན་ཞུ་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་ལེ་པཱ་ནུན་གྱི་སློབ་གསོ་པུའུ་དང་མཉམ་ལས་བྱས་ཏེ་སློབ་སྐབས་གསར་བ་མགོ་རྩོམ་པར་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། ལེ་པཱ་ནུན་དུ་ཡོད་པའི་བྱིས་པ་ཚང་མས་སློབ་གསོ་མྱོང་ཐུབ་པར་འགན་སྲུང་བྱེད་པའི་འཆར་གཞི་ཞིག་ལག་བསྟར་བྱེད་བཞིན་ཡོད་ལ། དེའི་དམིགས་ཡུལ་ནི་སྔར་ལས་མང་བའི་སི་རི་ཡཱའི་ཡུལ་གྱར་བའི་སློབ་ལོ་རན་པའི་བྱིས་པ་སློབ་གྲྭ་བསྡུ་ལེན་བྱེད་པའི་ཆེད་དུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག