ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ། འཇར་མན་གྱི་དྭངས་གསལ་མེ་ལོང་ཞེས་པའི་གཟའ་འཁོར་དུས་དེབ་ཐོག་སྤྱི་ཚེས་23ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་འཇར་མན་གྱི་ཙུང་ལི་མོ་ཁེར་གྱིས་ཡོ་རོབ་མནའ་འབྲེལ་ནས་འཕྲལ་མར་ཨུ་རུ་སུར་བཀག་སྡོམ་སྔར་ལས་ལྷག་པ་བྱེད་དགོས་པའི་བླང་བྱ་བཏོན་པ་དེས་ཁ་ལི་མོ་ལིན་ཕོ་བྲང་ཕྱོགས་ལ་འཕྲད་པའི་གནོན་ཤུགས་གློ་བུར་དུ་ཆེ་རུ་ཕྱིན་ཡོད། མོ་ཁེར་གྱིས་བཀག་སྡོམ་བྱེད་པའི་རྒྱུ་རྐྱེན་ནི་ཨུ་རུ་སུའི་ཕྱོགས་ནས་མ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུMH17ལྷུངས་པའི་དོན་རྐྱེན་ཐད་འགྲེལ་བཤད་བྱེད་འདོད་མ་བྱས་པས་འཇར་མན་ཕྱོགས་ཨུ་རུ་སུའི་རྣམ་འགྱུར་ལ་ཞེ་ལོག་པས་ཡིན་ཞེས་འཁོད་ཡོད།
གནས་ཚུལ་སྤེལ་བའི་ནང་། ཡོ་རོབ་མནའ་འབྲེལ་དང་ཨུ་རུ་སུའི་བར་གྱི་ཛ་དྲག་འབྲེལ་བས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་མཉམ་འབྲེལ་ཐོག་སྤྱི་ལོ་2018ལོའི་མོ་སི་ཁོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་བཀག་འགོག་བྱེད་བཟོ་ཡོད་ཅེས་འཁོད་ཡོད་པ་རེད། །