ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་དཔོན་རིགས་ཀྱིས་བཤད་པ་ལྟར་ན། དབྱི་སི་རལ་གྱི་བདེ་འཇགས་ནང་སྲིད་ལས་ཁུངས་ཚེས་དྲུག་ཉིན་གྱི་ཞོགས་པ་ནས་མགོ་བརྩམས་པའི་ཅ་ཧྲ་ས་ཁུལ་ནས་དམག་འཁྲུག་མཚམས་འཇོག་པའི་དུས་ཚོད་དེ་དུས་ཚོད་ཉེར་བཞི་རུ་ཇེ་རིང་ལ་བཏང་ནས། ཉུང་མཐར་ཡང་ས་དེའི་ཚེས་ཉེར་བདུན་ཉིན་གྱི་ནམ་གུང་བར་དུ་དམག་འཁྲུག་མཚམས་འཇོག་པར་འཐད་པ་བྱུང་ཟེར།
དབྱི་སི་རལ་གྱི་དཔོན་རིགས་ཀྱིས་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རེ་བ་ལྟར་དུ། དབྱི་སི་རལ་གྱི་བདེ་འཇགས་ནང་སྲིད་ལས་ཁུངས་ཀྱིས་དམག་འཁྲུག་མཚམས་འཇོག་པའི་དུས་ཚོད་དེ་དུས་ཚོད་ཉེར་བཞི་རུ་ཇེ་རིང་ལ་གཏོང་བར་ཆོག་མཆན་བཀོད་པ་དང་། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་དང་འགལ་བའི་བྱ་སྤྱོད་ཡོད་ཚད་ལ་ཁ་གཏད་འཇལ་རྒྱུ་ཡིན་ཟེར།
ཚེས་ཉེར་དྲུག་ཉིན་གྱི་དགོང་མོར། དབྱི་སི་རལ་གྱིས་དམག་འཁྲུག་མཚམས་འཇོག་པའི་དུས་ཚོད་དེ་དུས་ཚོད་བཞི་ཡིས་ཇེ་རིང་ལ་བཏང་བ་ཁྱབ་སྒྲོག་བྱས་རྗེས། ཧ་མ་སི་ཡི་དྲག་ཆས་མི་སྣས་དེའི་སྔོན་ལ་གཏན་ཁེལ་བྱས་པའི་དམག་འཁྲུག་མཚམས་འཇོག་པའི་དུས་ཚོད་བཅུ་གཉིས་ལོངས་རྗེས། ཅ་ཧྲ་ས་ཁུལ་ནས་དབྱི་སི་རལ་ཕྱོགས་ལ་ཡང་བསྐྱར་མེ་ཤུགས་འཕུར་མདའ་འཕེན་མགོ་བརྩམས། །