མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལེ་པ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཕ་ལེ་སི་ཐན་གྱི་འགོག་རྒོལ་རྩ་འཛུགས་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-26 10:49

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ནཱ་སི་ལུའུ་ལཱ་ཡིས་ཚེས་ཉེར་ལྔ་ཉིན་པེ་རུ་ཐི་ནས་བཤད་རྒྱུར། ཀྲིན་ཀྲུའུ་ཏང་གིས་ཅ་ཧྲ་ས་ཁུལ་དུ་ཡོད་པའི་ཕ་ལེ་སི་ཐན་གྱི་འགོག་རྩ་འཛུགས་ལ་རྣམ་པ་སྣ་ཚོགས་ཀྱི་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ནཱ་སི་ལུའུ་ལཱ་ཉིན་དེར་པེ་རུ་ཐིའི་ལྷོ་འདབས་ནས་བསྡུས་པའི་ཡེ་ལུའུ་ས་ལུན་ཉིན་མོར་དྲན་གསོ་ཞུ་བའི་མང་ཚོགས་ཀྱི་འདུ་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་དེ། དབྱི་སི་རལ་གྱིས་ཅ་ཧྲ་ལ་བཙན་འཛུལ་བྱེད་པའི་རྩུབ་སྤྱོད་ལ་རྒོལ་གཏམ་བཏང་བ་དང་། ཕ་ལེ་སི་ཐན་མི་དམངས་ཀྱིས་དབྱི་སི་རལ་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱས། ནཱ་སི་ལུའུ་ལཱ་ཡིས་ནན་གྱིས་བཤད་རྒྱུར། ཀྲིག་ཀྲུའུ་ཏང་ནམ་ཡིན་ཡང་ཕ་ལེ་སི་ཐན་མི་དམངས་དང་འགོག་རྒོལ་ལས་འགུལ་གྱི་ཕྱོགས་སུ་ལངས་ཏེ། ཅ་ཧྲ་ས་ཁུལ་གྱི་གནས་བབ་འཕེལ་ཕྱོགས་ལ་དོ་སྣང་ཟབ་མོ་བྱེད་རྒྱུ་ཡིན་པ་དང་། སེར་སྣ་སྤུ་ཙམ་ཡང་མེད་པར་ཕ་ལེ་སི་ཐན་གྱི་འགོག་རྒོལ་རྩ་འཛུགས་ལ་རང་ནུས་ཅི་ལྕོགས་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ནཱ་སི་ལུའུ་ལཱ་ཡིས་ཨ་རབ་དང་དབྱི་སི་ལན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་བྱེད་ཐབས་སྤྱད་དེ། ཅ་ཧྲ་ས་ཁུལ་གྱི་བཀག་རྒྱ་གཏོར་ནས། ཅ་ཧྲ་ས་ཁུལ་གྱི་ཕ་ལེ་སི་ཐན་འགོག་རྒོལ་རྩ་འཛུགས་ལ་མ་དངུལ་དང་ཆབ་སྲིད། མི་ཆོས་རིང་ལུགས། ཐ་ན་དམག་དོན་བཅས་ཀྱི་ཐད་ནས་རྒྱབ་སྐྱོར་བྱེད་རྒྱུའི་འབོད་སྐུལ་བཏང་།

དེའི་སྔོན་ལ། ནཱ་སི་ལུའུ་ལཱ་ཡིས་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིའི་མགོ་ཁྲིད་པ་ཧ་ལེ་ཏི•མད་ཧྲ་ཨ་ལེ་དང་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧ་ཏི་ཡི་མགོ་ཁྲིད་པ་ལཱ་མཱ་ཏན•ཞ་ལཱ་གཉིས་ལ་འབྲེལ་འདྲིས་བྱས་ཏེ། ཀྲིན་ཀྲུའུ་ཏང་གིས་རྩ་འཛུགས་དེ་གཉིས་ལ་མཉམ་ལས་བྱས་ཏེ། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་ལ་བཙན་འཛུལ་བྱེད་པའི་ལྐོག་གཡོ་ཕམ་པར་རྒྱག་འདོད་ཡོད་པའི་ཚུལ་བསྟན།

ལོ་རེ་རེའི་སྙུང་གནས་ཟླ་བའི་མཇུག་མཐའི་གཟའ་པ་ངས་ཉིན་ནི་ཡེ་ལུའུ་ས་ལུན་ཉིན་མོར་གཏན་ཁེལ་བྱས་ཡོད་པ་དང་། ཉིན་དེར་ཕ་ལེ་སི་ཐན་མི་དམངས་ཀྱི་འཐབ་རྩོད་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱས་ཏེ། དབྱི་སི་རལ་གྱིས་ཡེ་ལུའུ་ས་ལུན་ལ་བཙན་འཛུལ་བྱེད་པར་ངོ་རྒོལ་བྱེད་པ་ཡིན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག