མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གྱིས་མཱ་ལེ་ཞི་ཡའི་འགྲུལ་སྐྱེལ་གནམ་གྲུ་ཐང་ལ་ལྷུང་སའི་འཁོར་སྐར་འདྲ་པར་རྒྱལ་སྤྱིའི་ཆེད་མཁས་པར་སྤྲོད་རྒྱུའི་ཐག་བཅད།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-26 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་དྲ་ཚིགས་སྟེང་ཚེས་ཉེར་ལྔ་ཉིན་བཀོད་པ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་པོ་ལོ་ཧྲིན་ཁི་ཡིས་མཱ་ལེ་ཞི་ཡའིMH17རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཐང་ལ་ལྷུང་སའི་འཁོར་སྐར་འདྲ་པར་དག་རྒྱལ་སྤྱིའི་ཆེད་མཁས་པར་སྤྲོད་རྒྱུའི་ཐག་བཅད་ཟེར།

སྤྱི་སྒྲོག་ནང་དུ། ཟླ་བདུན་པའི་ཚེས་བཅུ་བདུན་ཉིན་གནམ་གྲུ་ཐང་ལ་ལྷུང་བའི་དོན་རྐྱེན་དེར་རྩད་གཅོད་ཞིབ་མོ་ཞིག་བྱེད་ཆེད། ཝུའུ་ཁི་ལན་གྱི་ཙུང་ཐུང་པོ་ལོ་ཧྲིན་ཁི་ཡིས་ཟླ་བདུན་པའི་ཚེས་བཅུ་བདུན་ཉིན་ཝུའུ་ཁི་ལན་གྱི་བར་སྣང་ནས་ཆག་སྒོ་བྱུང་བའི་འགྲུལ་སྐྱེལ་གནམ་གྲུ་ཐང་ལ་ལྷུང་སའི་འཁོར་སྐར་འདྲ་པར་དག་ཧི་ལན་ཉེན་རྟོག་ཕྱོགས་དང་། འབྲེལ་ཡོད་རྒྱལ་ཁབ་གཞན་པའི་ཁྲིམས་འཛིན་ལས་ཁུངས། ཡོ་རོབ་གླིང་བདེ་འཇགས་རྩ་འཛུགས་བཅས་ལ་བརྒྱུད་སྤྲོད་བྱེད་དགོས་པའི་བཀའ་ཕབ་ཅེས་བཀོད་ཡོད།

དྲ་ཚིགས་དེའི་སྟེང་དུ་ད་དུང་། འདྲ་པར་དེ་དག་ཡོད་ཚེ། ཆེད་མཁས་པས་གནམ་གྲུའི་ཆག་རོ་ཐང་ལ་ལྷུང་ས་གསལ་བོར་ཤེས་ཐུབ་པ་དང་། ཐ་ན་འཚོལ་ཞིབ་ཀྱི་བརྒྱུད་རིམ་ཁྲོད་དུ་ཤེས་མེད་པའི་དོན་དག་འགའ་ཡང་ཤེས་སྲིད་ལ། ཡང་ན་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱིས་དོན་རྐྱེན་བྱུང་ས་ནས་དྲུད་པའི་གནམ་གྲུའི་ཆག་རོ་ལ་ཡང་བདེན་དཔང་བྱེད་ཐུབ་ཅེས་བཀོད་ཡོད།

མཱ་ལེ་ཞི་ཡའིMH17རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་དེ་ཚེས་བཅུ་བདུན་ཉིན་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཏུན་ཉེ་ཚི་ཁི་ཀྲིག་ནས་ཐང་ལ་ལྷུང་བ་དང་། གནམ་གྲུའི་སྟེང་གི་མི་ཉིས་བརྒྱ་དང་གོ་བརྒྱད་པོ་ཚང་མ་རྐྱེན་ལམ་དུ་ཤོར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག