མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་རྒྱལ་དམངས་གྲོས་ཁང་གིས་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་ཐུབ་མེད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-25 11:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་སྐབས་གསར་བའི་གྲོས་ཁང་གི་གྲོས་ཚོགས་ཀྱིས་ཚེས་ཉེར་གསུམ་ཉིན་གྲོས་ཚོགས་ཐེངས་བཞི་བ་བསྡུས་ཀྱང་། འཆར་གཞི་ལྟར་དུ་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་མ་ཐུབ་པ་དང་། གྲོས་ཚོགས་དེ་ཚེས་ཉེར་བཞིའི་ཉིན་མུ་མཐུད་དུ་སྤེལ་རྒྱུ་རེད།

ཉིན་དེའི་ཕྱི་དྲོར། གསར་དུ་བདམས་པའི་དབྱི་རག་རྒྱལ་དམངས་གྲོས་ཁང་གི་གྲོས་མི་སུམ་བརྒྱ་དང་ཉེར་བརྒྱད་ཁྲོད་ཀྱི་མི་ཉིས་བརྒྱ་དང་སོ་དྲུག་གྲོས་ཚོགས་ལ་ཞུགས་ཀྱང་། ཁུའུ་ཨར་ཏི་སྲིད་ཏང་གིས་ཙུང་ཐུང་གི་འདེམ་སྒུག་མི་སྣ་གཏན་འཁེལ་གསལ་བོ་བྱས་མེད་པའི་དབང་གིས་ཚོགས་ཆེན་ནས་འཆར་གཞི་ལྟར་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་མ་ཐུབ།

ཁུའུ་ཨར་ཏི་རིགས་ཀྱི་གྲོས་མིས་གྲོས་བསྡུར་དཔོན་པོ་ཀྲུའུ་པུའུ་ལི་ལ་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་རྗེས་སུ་སྣུར་བའི་ཡིག་ཐོག་གི་རེ་འདོད་སྤྲད་པ་དང་། ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་ཆོད་དོན་སྤེལ་ཏེ། ཚེས་ཉེར་བཞིའི་ཉིན་གྲོས་ཁང་ལ་ཁུའུ་ཨར་ཏི་རིགས་ཀྱི་ཙུང་ཐུང་གི་འདེམ་སྒུག་མི་སྣ་གཅིག་པུའི་མིང་ཐོ་སྤྲོད་རྒྱུ་ཐག་བཅད། གྲོས་ཚོགས་ལ་ཞུགས་པའི་གྲོས་མི་ཚང་མས་རེ་འདོད་དེར་གྲོས་འཆམ་བྱུང་རྗེས། ཀྲུའུ་པུའུ་ལི་ཡིས་གྲོས་ཚོགས་ནས་ཚེས་ཉེར་བཞིའི་ཉིན་གྱི་སྔ་དྲོར་ཚེས་བཅུ་གཅིག་ཉིན་མུ་མཐུད་དུ་སྤེལ་རྒྱུ་ཁྱབ་སྒྲོག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག