མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་དང་པར་ཙིར་གྱི་ཁེ་ལས་མཁས་ཅན་གྱི་ལོ་ཚོགས་པ་ཞི་ལི་ཡར་འཚོགས་པ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-07-24 11:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེ་གའི་དུས་ཚོད་ཚེས་17ཉིན་ཀྲུང་གོ་དང་པར་ཙིར་གྱི་ཁེ་ལས་མཁས་ཅན་ཨུ་ཡོན་ལྷན་ཁང་གི་2014ལོ་འཁོར་གྱི་ཚོགས་འདུ་པར་ཙིར་གྱི་རྒྱལ་ས་པ་ཞི་ལི་ཡ་རུ་འཚོགས་ཤིང་།ཀྲུང་གོ་དང་པར་ཙིར་ནས་ཡོང་བའི་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་200ལྷག་ཙམ་ཚོགས་འདུར་ཞུགས་པ་རེད།

ཀྲུང་གོ་ནི་པར་ཙིར་གྱི་དཔལ་འབྱོར་རོགས་ཟླ་ཆེ་ཤོས་ཤིག་ཡིན་ལ་པར་ཙིར་ཀྱང་ཀྲུང་གོས་ལ་ཏིང་མེ་གླིང་ས་ཁུལ་དུ་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཐོག་མ་འཛུགས་ཡུལ་རྒྱལ་ཁབ་ཅིག་ཡིན།2013ལོར་ཕྱོགས་གཉིས་པོའི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་བྱེད་ཚད་ཨ་སྒོར་དུང་ཕྱུར་900ལས་བརྒལ་ཡོད།ཀྲུང་པར་གྱི་ཁེ་ལས་མཁས་ཅན་ཨུ་ཡོན་ལྷན་ཁང་གི་ཀྲུང་གོ་ཕྱོགས་ཀྱི་ཀྲུའུ་ཞི་ལིའུ་མིང་ཀྲུང་གིས་འབྱུང་འགྱུར་ཀྲུང་པར་གྱི་ཁེ་ལས་མཁས་ཅན་ཨུ་ཡོན་ལྷན་ཁང་གིས་ད་ཐེངས་ཀྱི་འགོ་ཁྲིད་པའི་གྲོས་མོལ་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུར་གཞོལ་ནས་ཀྲུང་པར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་རྒྱུན་སྲིང་བརྟན་ལྷིང་དང་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་ཀྲུང་པར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཟབ་ཏུ་གཏོང་ཆེད་ཞབས་ཞུ་དང་རོགས་རམ་དེ་བས་མང་བ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

ཀྲུང་པར་གྱི་ཁེ་ལས་མཁས་ཅན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞུང་ཚབ་ཆེ་མོ་བ་སེར་ཤིས་ཨའོ·ཨ་མ་ལར་གྱིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ནས་པར་ཙིར་ལ་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་ཚྭ་མེད་ཆུའི་ཐོན་ཁུངས་ཡོད་པར་བརྟེན་ཀྲུང་གོའི་ཁེ་ལས་པར་ཙིར་དུ་འཕེལ་རྒྱས་གཏོང་བར་ཡོང་རྒྱུའི་དགོས་མཁོ་སྐོང་ཐུབ་པའི་ནུས་པ་ང་ཚོར་ལྡན་ཡོད།མིག་སྔར་ཀྲུང་གོའི་ངོས་ནས་བརྗོད་ཚེ་པར་ཙིར་གྱི་གཏེར་ལས་དང་ནུས་རྒྱུ་སོགས་ཐོན་ལས་ཀྱི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་པའི་ཁར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱབ་ཁོངས་ལའང་གཏིང་ཤུགས་ཆེན་པོ་ལྡན་ཡོད།རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་དཔལ་འབྱོར་ཚོང་དོན་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད་པ་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ད་ཐེངས་འཚམས་འདྲི་གནང་བ་དེས་ཀྲུང་གོ་དང་པར་ཙིར་གྱི་འབྱུང་འགྱུར་གྱི་དཔལ་འབྱོར་ཚོང་དོན་སྤེལ་རེས་ལ་དུས་སྐབས་གསར་པ་ཞིག་འགོ་བརྩམས་ཡོད་ཅེས་བརྗོད་པ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག