
འདི་ནི་ཨ་ཀེན་ཐིན་གྱི་པུ་དབྱི་ནོ་སི་ཨེ་རི་སི་ནས་པར་བརྒྱབ་པའི་འཁོར་རྒྱུག་བྱེད་འགོ་ཚུགས་པའི་གྲོང་ཁྱེར་དབར་གྱི་ཤུགས་འགྲེམས་མེ་འཁོར་ཡིན་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ཀྲུང་གོའི་ཕྱིར་གཏོང་བྱེད་ཚད་ཆེ་ཤོས་ཡིན་པའི་གྲོང་ཁྱེར་དབར་གྱི་ཤུགས་འགྲེམས་མེ་འཁོར་ཁག་དང་པོ་དེ་ཨ་ཀེན་ཐིན་དུ་འཁོར་རྒྱུག་བྱེད་འགོ་ཚུགས་པ་དང་ཤུགས་འགྲེམས་མེ་འཁོར་དེ་ལྷོ་འཁོར་ཕྱོགས་བཞིས་ཞིབ་བཟོ་བྱས་པ་དང་འདི་ལོའི་ཟླ་2ཚེས་19ཉིན་གཅིག་རྗེས་གཉིས་མཐུད་ངང་ཨ་ཀེན་ཐིན་དུ་འབྱོར་བ་དང་འབྲེལ་ལམ་ཐོག་དུས་ཡུན་ཟླ་5ཡི་ཚོད་ལྟ་བྱས་པ་རེད་འཁོར་རྒྱུག་བྱེད་ཐེངས་ཁག་དང་པོའི་ཤུགས་འགྲེམས་མེ་འཁོར་ཁྱོན་ཐེངས་6དང་མེ་འཁོར་54ཡོད་པ་དེ་དག་ཨ་ཀེན་ཐིན་པུ་དབྱི་ནོ་སི་ཨེ་རི་སིའི་ས་མན་ཐུའོ་རུ་འཁོར་རྒྱུག་བྱས་པ་རེད། ཨ་ཀེན་ཐིན་གྱི་ས་མན་ཐུའོ་ཡི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་38ཙམ་ཡོད་པ་དེ་གཙོ་བོ་པུ་དབྱི་ནོ་སི་ཨེ་རི་སི་གྲོང་ཁྱེར་ལྟེ་གནས་ནས་སྲུང་སྐར་གྲོང་ཁྱེར་བར་གྱི་ས་ཁོངས་10རུ་ཞབས་ཞུ་བྱེད་ཀྱི་ཡོད། །