ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་སི་ཁྲུ་རི་ཡཱའི་ཕྱི་འབྲེལ་བློན་ཆེན་ཁུའུ་ཨར་ཚི་ཡིས་ཚེས་གཉིས་ཉིན་ཉིན་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་མི་འགྱངས་པར་ཨུ་རུ་སི་ལ་འགོག་སྲུང་ཁྱབ་ཁོངས་ནས་བཀག་སྡོམ་བྱེད་པར་ཞིབ་འཇུག་བྱེད་རྒྱུ་ཡིན་པ་དང་། དེའི་ནང་མཚོན་ཆའི་སྐྱེལ་འདྲེན་སོགས་འདུས་ཡོད་ཟེར།
ཁུའུ་ཨར་ཚི་ཡིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་མ་འོངས་པའི་ཉིན་འགའི་ནང་། ཨུ་རུ་སིའི་འགོག་སྲུང་ཁྱབ་ཁོངས་ནས་མཚོན་ཆའི་སྐྱེལ་འདྲེན་སོགས་ཀྱི་བཀག་སྡོམ་བྱེད་ཐབས་གཏན་འབེབ་བྱེད་རྒྱུ་རེད་ཟེར།
གནས་ཚུལ་དེར་ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་ཡོད་མི་སྣའི་བདེན་དཔང་ཐོབ་ཡོད། །