མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་དབུས་ཤར་ས་ཁུལ་གྱི་མགོ་ཁྲིད་པའི་གྲོས་ཚོགས་དེ་ཕོ་ལན་ནས་ཚོགས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-23 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་དབུས་ཤར་ས་ཁུལ་གྱི་མགོ་ཁྲིད་པའི་གྲོས་ཚོགས་དེ་ཚེས་ཉེར་གཉིས་ཉིན་ཕོ་ལན་གྱི་རྒྱལ་ས་ཧྭ་ཧྲ་ནས་ཚོགས་པ་དང་། གྲོས་ཚོགས་ནས་གཙོ་བོ་ཟླ་དགུ་བར་སྤེལ་རྒྱུ་ཡིན་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་དང་ཝུའུ་ཁི་ལན་གྱི་གནས་བབ་སོགས་ལ་གྲོས་བསྡུར་བྱས།

ཕོ་ལན་གྱི་ཙུང་ཐུང་མའོ་ཁི་ལོ་ཧྥུའུ་སི་ཅི་ཡིས་གདན་དྲངས་པ་ལྟར། ལི་ཐའོ་ཝན་དང་། ལཱ་ཐའོ་ཝེ་ཡཱ། ཨེ་སོ་ནི་ཡཱ། ཅེ་ཁི། སི་ལོ་ཝ་ཁི། ཧང་ག་རི། པུར་ཀ་རི་ཡཱ། རོ་མཱ་ནི་ཡཱ་སོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཐེངས་འདིའི་གྲོས་ཚོགས་ལ་ཞུགས། 

 ཁི་མའོ་ལོ་ཧྥུའུ་སི་ཅི་ཡིས་གྲོས་ཚོགས་སྟེང་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་དག་རིམ་པ་མི་འདྲ་བར་དགར་མི་རུང་བ་དང་། རྒྱུ་མཚན་ནི་བདེ་འཇགས་ལ་རིམ་པ་དགར་མི་རུང་བས་ཡིན། བྱང་ཆིངས་རྩ་འཛུགས་ཀྱིས་ངེས་པར་དུ་ཡོ་རོབ་གླིང་དབུས་ཤར་ས་ཁུལ་གྱི་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། བྱང་ཆིངས་རྩ་འཛུགས་ཀྱི་དྲག་ཆས་སྟོབས་ཤུགས་ལ་འགན་སྲུང་བྱེད་པ། དམག་དོན་སྒྲིག་ཆས་འཛུགས་སྐྲུན་བྱས་ཏེ། འཆར་འགོད་བྱས་ནས་དམག་དོན་སྦྱོང་བརྡར་ལ་ཤུགས་སྣོན་བྱེད་དགོས་ཟེར། ཁི་མའོ་ལོ་ཧྥུའུ་སི་ཅི་ཡིས་ད་རུང་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་དམག་དོན་འགྲོ་སོང་དེ་སྤྱིའི་ཐོན་རིན་གྱི་བརྒྱ་ཆའི་གཉིས་ཀྱི་ཆུ་ཚད་དུ་ཇེ་མཐོར་གཏོང་དགོས་པའི་འབོད་སྐུལ་བཏང་།

གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། ཁི་མའོ་ལོ་ཧྥུའུ་སི་ཅི་ཡིས་ཚེས་ཉེར་གཅིག་ཉིན་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་ཟླ་དགུ་བར་སྤེལ་རྒྱུ་ཡིན་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་དང་། ཝུའུ་ཁི་ལན་གྱི་གནས་བབ། དེ་མིན་མཱ་ལེ་ཞི་ཡཱའི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་སོགས་ཀྱི་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག