མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀའོ་ཧྲེང་གིས་སྤོམ་ཆེན་ཚོང་ཟོག་ཟོག་གོང་འཕར་བའི་དུས་འཁོར་མཇུག་འགྲིལ་བ་རེད་ཅེས་བཤད་པ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-07-23 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་16ཉིན་ཀའོ་ཧྲེང་ཚོགས་པས་སྙན་ཞུ་ཞིག་བཏོན་ནས་སྤོམ་ཆེན་ཚོང་ཟོག་ཕལ་ཆེ་བའི་རིན་གོང་ལོ་མང་རིང་རྒྱུན་སྲིང་ངང་འཕར་བའི་དུས་འཁོར་མཇུག་འགྲིལ་ཡོད་ཅེས་ཚིག་ཐག་བཅད་ནས་བཤད་ཡོད། སྙན་ཞུ་དེའི་ནང་གོ་ལ་ཧྲིལ་པོའི་མཁོ་སྤྲོད་མང་དུ་འགྲོ་བ་དང་ཆབས་ཅིག་ལྕགས་གཏེར་དང་། ཟངས། པུ་ལོན་ཐེ་མ་བཅོས་རྡོ་སྣུམ་སོགས་སྤོམ་ཆེན་ཚོང་ཟོག་གི་རིན་གོང་མ་འོངས་ལོ་ལྔའི་ནང་རྒྱུན་སྲིང་ངང་ཆག་རྒྱུ་རེད་ཅེས་དང་ད་དུང་སྙན་ཞུའི་ནང་མ་བཅོས་རྡོ་སྣུམ་གྱི་རིན་གོང་ཉེ་ཆར་ཆག་པ་དེ་ཐོག་ནས་ཐོན་ཚད་འཕར་བའི་སྣང་ཚུལ་མངོན་ཡོད་ཅེས་དམིགས་སུ་བཀར་ནས་བཏོན་ཡོད།

ཨ་རིའི་དཔལ་འབྱོར་བློ་འདྲི་ཨའེ་ཧྲི་ཤིན་ཀུང་སིའི(IHS)མཐོ་རིམ་དབྱེ་ཞིབ་པ་གཡོད་ཧན·མ་སེ་སུར་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཀའོ་ཧྲེང་གི་ཚོད་དཔག་དེ་ནི་འགྲིག་པ་ཞིག་ཡིན་པ་དང་འབྲེལ་བ་ཡོད་པའི་ཕྱོགས་གཉིས་ཡོད་པའི་རྐྱེན་གྱིས་སྤོམ་ཆེན་ཚོང་ཟོག་ཟོག་གོང་འཕར་བའི་དུས་འཁོར་མཇུག་འགྲིལ་བ་རེད། དང་པོ་ནི་གསར་དར་དཔལ་འབྱོར་སྒྲིག་གཞིའི་འཕར་ཚད་དལ་དུ་སོང་འགོ་ཚུགས་པ་དང་ཚད་ཆེན་པོ་ཞིག་གི་ཐོག་ནས་བརྗོད་ན་སྤོམ་ཆེན་ཚོང་ཟོག་ཟོག་གོང་འཕར་བའི་དུས་འཁོར་དེ་ནི“ཀྲུང་གོའི་གཏམ་རྒྱུད”ཅིག་རེད། ཀྲུང་གོའི་དཔལ་འབྱོར་དེ་དམིགས་བསལ་དུས་རིམ་ཞིག་ཏུ་སླེབས་ཡོད། གཞི་ཁྱོན་ཆེ་རུ་འགྲོ་བ་དང་ཆབས་ཅིག་དེ་སྔའི་ཟོག་གོང་མགྱོགས་མྱུར་ངང་འཕར་ཚུལ་རྒྱུན་བསྲིང་མི་ཐུབ་པ་དང་དུས་མཚུངས་ཀྲུང་གོའི་དཔལ་འབྱོར་འཕར་བའི་སྤུས་ཚད་ལའང་འགྱུར་ལྡོག་བྱུང་སྟེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ལྕི་བའི་བཟོ་ལས་འཕེལ་རྒྱས།བཟོ་སྐྲུན་ལས་རིགས་ཀྱི་འཕེལ་རྒྱས་རྨང་གཞིའི་ཐད་ཕྱིར་གཏོང་ལ་རྒྱབ་སྐྱོར་བྱེད་པ་ནས་དེ་བས་བཏང་སྙོམས་དང་འཛད་སྤྱོད་ཀྱིས་ནུས་པ་དེ་བས་ཆེ་བ་འདོན་པའི་བར་འགྱུར་ཡོད། གཉིས་པ་ནི་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་གི་ལྷུག་ཡངས་དངུལ་ལོར་སྲིད་ཇུས་ཕྱིར་འཐེན་བྱེད་པ་དེ་ཡིན་པ། འཁོར་རྒྱུག་རང་བཞིན་ཉུང་དུ་སོང་སྟབས་དངུལ་རྩའི་ཁྲོམ་རའི་ཐོག་གི་སྤོམ་ཆེན་ཚོང་ཟོག་ལ་མ་དངུལ་འཇོག་པའི་དགོས་མཁོ་ཆུང་དུ་འགྲོ་བ་མཚོན་གྱི་ཡོད་ཅེས་བཤད་པ་རེད།

མ་སེ་སུར་གིས་ཐོན་ཁུངས་རིགས་ཀྱི་སྤོམ་ཆེན་ཚོང་ཟོག་དཔེར་ན།ལྕགས་གཏེར་གྱི་དགོས་མཁོ་སྤྱི་ཡོངས་མཉམ་པའམ་ཡང་ན་ལྷག་མ་ཡོད། སྣུམ་གོང་ཐད་ཨ་མེ་རི་ཁ་གླིང་བྱང་མའི་སྲོལ་རྒྱུན་མིན་པའི་ནུས་ཁུངས་གསར་བརྗེ་བྱུང་བ་དང་དེ་བཞིན་འབྲེལ་ཡོད་སྔོག་འདོན་ལག་རྩལ་འཛམ་གླིང་ཡོངས་སུ་ཁྱབ་པར་བརྟེན་ནུས་ཁུངས་ནུས་རྒྱུའི་ཁྲོམ་རར་འགྱུར་ལྡོག་ཡོང་བཞིན་ཡོད། ཚད་ངེས་ཅན་ཞིག་གི་ཐོག་ནས་འཛམ་གླིང་དབུས་ཤར་རྒྱུད་ཀྱི་ཆབ་སྲིད་ཛ་དྲག་ཡོད་པའི་རྐྱེན་གྱིས་རྒྱལ་སྤྱིའི་སྣུམ་གོང་ལ་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་སོང་ཡོད་ཅེས་དང་མ་སེ་སུར་གྱིས་མ་འོངས་ལོ་གཉིས་ནང་རྒྱལ་སྤྱིའི་སྣུམ་གོང་ཕྲན་བུ་ཆག་སྲིད་པའི་མངོན་དཔག་བྱས་པ་དང་འོན་ཏེ་ཁོང་གིས་དུས་ཡུན་རིང་པོའི་ནང་རྒྱལ་སྤྱིའི་སྣུམ་གོང་འཕར་རྒྱུ་ཡིན་པ་དང་རྒྱུ་རྐྱེན་གཙོ་བོ་ནི་སྲོལ་རྒྱུན་མ་ཡིན་པའི་སྣུམ་རླངས་སྔོག་འདོན་གྱི་མ་གནས་དེ་བས་མཐོ་བ་ཡོད་པའི་ཚོད་དཔག་བྱས་པ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག