ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་སུ་སྡོད་པའི་ཕྱི་འབྲེལ་དཔོན་པོ་རེ་འགས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། ཨོ་སི་ཁྲུ་ལི་ཡཱ་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་འཆར་ཟིན་ཞིག་རྩོམ་འབྲི་དང་འགྲེམ་སྤེལ་བྱས་ཏེ་མཱ་ལེ་ཞི་ཡཱའི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ལ་རྒོལ་གཏམ་གཏོང་བ་དང་། འགན་ཁུར་བར་ཆད་གཅོད་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱས་ཏེ། ཝུའུ་ཁི་ལན་དམངས་ཁྲོད་དྲག་ཆས་པས་རྒྱལ་སྤྱིའི་རྟོག་ཞིབ་མི་སྣ་དག་ཚད་བཀག་ཅི་ཡང་མེད་པར་སར་ལྷུང་སའི་གནས་དེར་འགྲོ་བར་ཆོག་མཆན་འགོད་དགོས་པའི་རེ་བ་འདོན་རྒྱུ་རེད།
ཡིན་ན་ཡང་གྲོས་ཆོད་འཆར་ཟིན་དེ་རྒྱལ་སྤྱིའི་རྟོག་ཞིབ་མ་སྤེལ་བའི་གནས་ཚུལ་འོག་མཱ་ལེ་ཞི་ཡཱའི་འགྲུལ་སྐྱེལ་གནམ་གྲུ་དེ་སར་ལྷུང་བར་ཁས་ལེན་བྱས་ཡོད་པ་དང་། གལ་ཏེ་བཙན་ཤེད་ཀྱིས་བརྡས་ཐག་བཅད་ན། རྒྱལ་སྤྱིའི་རྟོག་ཞིབ་བྱ་འགུལ་སྤེལ་བ་དང་གནམ་གྲུ་སར་ལྷུང་བའི་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་པར་ཕན་པ་མེད་ཟེར།
མིང་བཤད་མི་འདོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱི་འབྲེལ་དཔོན་པོ་ཞིག་གིས་བཤད་རྒྱུར། ཨོ་སི་ཁྲུ་ལི་ཡཱ་ཡིས་ཚེས་བཅུ་དགུའི་ཉིན་གྱི་དགོང་མོར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གཞན་པར་གྲོས་ཆོད་འཆར་ཟིན་བཀྲམ་པ་དང་། ཚོད་དཔག་བྱས་ན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཆེས་སྔ་ན་ཚེས་ཉེར་གཅིག་ཉིན་བརྡས་ཐག་གཅོད་རྒྱུ་རེད་ཟེར། །