མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཅིན་གྱིས་མཱ་ལེ་ཞི་ཡཱའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བར་རྟོག་ཞིབ་བྱེད་པའི་ཐད་ནས་རྒྱལ་ཁབ་བཞིའི་མགོ་ཁྲིད་པར་ཁ་པར་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-21 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉི་ཤུའི་ཉིན་སོ་སོར་དབྱིན་ཇི་དང་། ཨོ་སི་ཁྲུ་ལི་ཡཱ། ཧི་ལན། འཇར་མན་བཅས་ཀྱི་མགོ་ཁྲིད་པར་ཁ་པར་བཏང་སྟེ། ཨུ་རུ་སིའི་ཕྱོགས་ཀྱིས་མཱ་ལེ་ཞི་ཡཱའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་པར་དགོས་ངེས་ཀྱི་རོགས་རམ་བྱེད་འདོད་ཡོད་པ་དང་། རྟོག་ཞིབ་བྱ་བ་མཇུག་མ་རྫོགས་གོང་ཆབ་སྲིད་ཀྱི་དམིགས་ཡུལ་ལྡན་པའི་གསལ་སྒྲོག་སྤེལ་བར་སྔོན་འགོག་བྱེད་དགོས་པ་ནན་བཤད་བྱས།

ཕུའུ་ཅིན་གྱིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་ལ་ཁ་པར་གཏོང་སྐབས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་རྩ་འཛུགས་ཀྱིས་མཱ་ལེ་ཞི་ཡཱའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ལ་རྒྱལ་སྤྱིའི་རྟོག་ཞིབ་ནན་མོ་བྱེད་དགོས་པའི་རེ་བ་བཏོན་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་མུ་མཐུད་དུ་དགོས་ངེས་ཀྱི་རོགས་རམ་བྱེད་འདོད་ཡོད་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་རྟོག་ཞིབ་བྱ་བ་མཇུག་མ་རྫོགས་གོང་། རང་ཚོད་བཟུང་སྟེ་ཆབ་སྲིད་ཀྱི་དམིགས་ཡུལ་ལྡན་པའི་གསལ་སྒྲོག་གང་ཡང་སྤེལ་མི་རུང་ཟེར།

ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཨ་པའོ་ཐི་ལ་ཁ་པར་གཏོང་སྐབས། ཕུའུ་ཅིན་གྱིས་ཨ་པའོ་ཐི་ཡིས་ཕན་ཚུན་མཉམ་ལས་བྱས་ཏེ། རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་གྱི་རྟོག་ཞིབ་བྱ་བར་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་རྒྱུའི་གྲོས་ཐག་བཅད།

ཕུའུ་ཅིན་གྱིས་ཨ་པའོ་ཐི་ལ་ཨུ་རུ་སིའི་ཕྱོགས་ཀྱིས་རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་རྩ་འཛུགས་ཀྱིས་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་དེར་རྟོག་ཞིབ་བྱེད་པར་སྤྱད་པའི་ལས་རིམ་སྙན་ཞུ་བྱས།

ཧི་ལན་གྱི་དབུ་བཞུགས་བློན་ཆེན་ལོས་ཐི་ལ་ཁ་པར་གཏོང་སྐབས་ཕུའུ་ཅིན་དང་ལོས་ཐི་གཉིས་ཀྱིས་ནན་གྱིས་བསྟན་དོན། ངེས་པར་དུ་རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་ཀུང་ཟིའི་ཆེད་མཁས་པའི་ཚན་ཆུང་མྱུར་མོར་གནམ་གྲུ་སར་ལྷུང་སའི་གནས་སུ་སོང་ནས། དངོས་ཡོད་དང་མཐུན་པའི་རྟོག་ཞིབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར། ཕྱོགས་གཉིས་ཀྱིས་བསྟན་དོན། ཝུའུ་ཁི་ལན་ནི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་སའི་གནས་ཡིན་པས། འཐབ་འཁྲུག་བྱ་སྤྱོད་མྱུར་དུ་མཚམས་འཇོག་པར་གལ་འགངས་ཧ་ཅང་ཆེ་ཟེར།

འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་ཁ་པར་གཏོང་སྐབས། ཕུའུ་ཅིན་དང་མའོ་ཁི་ཨར་གཉིས་ཀྱིས་བསྟན་དོན། མཱ་ལེ་ཞི་ཡཱའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་གནས་བབ་ལ་གཞིགས་ན། གལ་ཆེ་བ་ནི་ཝུའུ་ཁི་ལན་རྒྱལ་ནང་གི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་ཆེད་མཁས་པས་དངོས་ཡོད་དང་མཐུན་པའི་སྒོ་ནས་རྒྱལ་སྤྱིའི་རྟོག་ཞིབ་སྤེལ་བར་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་རྒྱུ་དེ་ཡིན་ལ། ཐོག་མར་བདེ་འཇགས་བྱ་བར་འགན་སྲུང་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག