མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་གྱི་མཇུག་མཐའི་ཡུན་ཚད་དེ་ཟླ་བཅུ་གཅིག་བར་རྒྱུན་བསྲིངས་བྱས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-20 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་གིས་ཚེས་བཅུ་དགུ་ཉིན་གྱི་ཞོགས་པར་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་གྲོས་མོལ་མཇུག་སྒྲིལ་བའི་མཇུག་མཐའི་ཡུན་ཚད་དེ་ཟླ་བཅུ་གཅིག་པའི་ཚེས་ཉེར་བཞིའི་ཉིན་བར་རྒྱུན་བསྲིང་རྒྱུ་ཐག་བཅད།

དབྱི་ལིང་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་གིས་ན་ནིང་ཟླ་བཅུ་གཅིག་པར་དུས་རིམ་རང་བཞིན་གྱི་གྲོས་མཐུན་ཐོག་མ་བཀོད་དེ། ཟླ་བདུན་པའི་ཚེས་ཉི་ཤུའི་ཉིན་བར་མཇུག་མཐའི་གྲོས་མཐུན་འགོད་རྩིས་བྱས་ཀྱང་། ད་ལོའི་སྐོར་ཐེངས་མང་བའི་གྲོས་མོལ་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་ལས་གཞིའི་གཞི་རྒྱ་དང་ནུས་པ་སོགས་གྲོས་གཞི་གཙོ་བོའི་ཐད་ཀྱི་འགལ་བ་ཐག་གཅོད་བྱེད་མ་ཐུབ་སྟབས་གྲོས་མོལ་གྱི་ཡུན་ཟླ་ངོ་བཞི་ཡིས་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད་པ་རེད།

ཉིན་དེར་ཨ་མེ་རི་ཁའི་སྲིད་གཞུང་གིས་མེ་སྒོར་དུང་ཕྱུག་ཉེར་བརྒྱད་ཡོད་པའི་དབྱི་ལིང་གི་རྒྱུ་ནོར་བཀག་འཇོག་མི་བྱེད་པ་ཁྱབ་སྒྲོག་བྱས། དེའི་ལན་དུ་དབྱི་ལིང་གིས་ཕྱིན་ཆད་ཀྱི་ཟླ་ངོ་འགའི་ནང་འདུས་ཚད་བརྒྱ་ཆའི་ཉི་ཤུ་ཡིན་པའི་ཉིང་རྡུལ་སྤྱི་རྒྱ་ཉེར་ལྔ་མཚོན་ཆ་ལས་ཐབས་མེད་པའི་རིམ་པའི་ཉིང་རྡུལ་འབར་རྫས་སུ་བསྒྱུར་དགོས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག