དབྱི་སི་རལ་གྱིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་དུ་བར་སྣང་ནས་འཇབ་རྒོལ་བྱས་པ་དང་། བྱིས་པ་བཞི་ལ་དབྱི་སི་རལ་གྱི་མཚོ་དམག་གི་སྒྱོགས་མདེལ་གྱི་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་བས་གཉེན་ཉེ་དག་ལ་སེམས་ངལ་ཆེན་པོ་བྱུང་ཡོད། བསྒྲགས་པའི་གནས་ཚུལ་ལྟར་ན། བྱིས་པ་དེ་བཞི་བོ་ནི་ཅཱ་ཧྲ་ས་ཁུལ་གྱི་རུས་པེ་ཁི་ཟེར་བའི་ཁྱིམ་ཚང་ཞིག་གི་རེད་ཟེར།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་སྲིད་གཞུང་སྡེ་ཁག་གི་དཔོན་རིགས་ཀྱིས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་དང་ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་ཉེས་ཅན་གྱིས་མཐའ་མཚམས་ས་ཁུལ་ནས་འཁྲུག་རྩོད་བྱས་ཟེར།
དབྱི་སི་རལ་གྱི་སྤྱི་བའི་བདེ་འཇགས་པུའུ་ཡི་པུའུ་ཀྲང་གིས་དབྱི་སི་རལ་གྱི་གསར་འགྱུར་ལས་རིགས་ལ་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་དང་ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་ཉེས་ཅན་གྱིས་འཁྲུག་རྩོད་བྱས་པར་བཤད་ཀྱང་། འཁྲུག་རྩོད་བྱེད་སའི་གནས་གང་ཡིན་གསལ་བོར་མ་བཤད།
དེའི་སྔོན་ཧཱ་མཱ་སིའི་ཁོངས་སུ་གཏོགས་པའི་དམག་དོན་ཕྱོགས་ཁག་ཁཱ་སང་སྟོང་ཤོག་གིས་བསྟན་དོན། ཁོ་ཚོས་དབྱི་སི་རལ་གྱི་མངའ་ཁོངས་ནས་དབྱི་སི་རལ་དང་འཁྲུག་རྩོད་བྱས་ཟེར་ཡང་། དབྱི་སི་རལ་གྱི་དམག་དཔུང་གིས་གནས་ཚུལ་དེ་ཁས་ལེན་མ་བྱས།
ཚེས་བཅོ་བརྒྱད་ཉིན་དབྱི་སི་རལ་གྱི་དམག་དཔུང་གིས་ཐན་ཁི་འཁོར་ལོ་དང་སྒྱོགས་ཆེན་བཀོལ་ནས། ཅཱ་ཧྲ་ས་ཁུལ་དུ་ས་ངོས་ནས་གཞི་རྒྱ་ཆེ་བའི་དཔུང་འཇུག་བྱས་པས་འཁྲུག་རྩོད་གནས་བབ་ཡང་བསྐྱར་ཛ་དྲག་ཏུ་གྱུར། ཕཱ་ལེ་སི་ཐན་གྱི་ཧཱ་མཱ་སི་ཡིས་བསྟན་དོན། དབྱི་སི་རལ་གྱིས་དོན་དེའི་ཐད་ལུས་སེམས་ཀྱི་སྡུག་བསྔལ་ཚད་མེད་མྱོང་དགོས་ཟེར།
ཚེས་བཅུ་དགུའི་ཉིན་བར་ཕྱོགས་གཉིས་ཀྱི་འཁྲུག་རྩོད་ལས་ཉུང་མཐར་ཡང་མི་སུམ་བརྒྱ་རྐྱེན་ལམ་དུ་ཤོར། །