ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ནཱ་ཏཱ་ཨར་གྱིས་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་གསལ་སྒྲོག་ཅིག་སྤེལ་ཏེ། ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ཧྥ་པུས་ཡུག་སི་ཡིས་ཚེས་བཅོ་བརྒྱད་ཉིན་དབུས་ཤར་ས་ཁུལ་དུ་འཚམས་འདྲི་བྱས་ཏེ། མྱུར་དུ་འཁྲུག་རྩོད་མཚམས་འཇོག་པ་དང་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པར་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། དབྱི་སི་རལ་གྱི་བདེ་འཇགས་རེ་བ་དང་ཕཱ་ལེ་སི་ཐན་གྱི་མི་ཆོས་རིང་ལུགས་དང་དཔལ་འབྱོར་ཐད་ཀྱི་དགོས་མཁོ་བསྐང་རྒྱུ་རེད་ཟེར།
ནཱ་ཏཱ་ཨར་གྱིས་བཤད་རྒྱུར། ཧྥ་ནར་སི་ཡིས་དབྱི་སི་རལ་གྱིས་ས་ངོས་ཀྱི་དམག་དཔུང་མངག་གཏོང་བྱས་ཏེ་ཅཱ་ཧྲ་ས་ཁུལ་དུ་དཔུང་འཇུག་བྱེད་པར་ཐག་བཅད་པར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཧྥ་རན་སི་ཡིས་དབྱི་སི་རལ་གྱིས་གང་ནུས་གྱིས་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་། ཧྥ་རན་སི་ཡིས་བལྟས་ན། གལ་ཆེ་བ་ནི་མི་སེར་དཀྱུས་མར་སྲུང་སྐྱོབ་བྱས་ཏེ། མི་སྣར་ཤི་རྨས་ཐེབས་པའི་དོན་རྐྱེན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་རྒྱུ་དེ་ཡིན་པར་བསམ་ཡོད་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཕྱོགས་སོ་སོ་ནས་ཅཱ་ཧྲ་ས་ཁུལ་དུ་ས་ངོས་ནས་དཔུང་འཇུག་བྱེད་མགོ་བརྩམས་ནས། རྣོ་དབལ་སྲུང་བའི་འགུལ་སྐྱོད་དེ་དུས་རིམ་གསར་བ་ཞིག་ཏུ་བསླེབ་ཡོད་ཟེར། །