ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་བཅོ་བརྒྱད་ཉིན་ཕོ་བྲང་དཀར་པོའི་གནས་སྐབས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། རྟོག་ཞིབ་རགས་ཙམ་བྱས་པའི་མཇུག་འབྲས་ལྟར་ན། མཱ་ལེ་ཞི་ཡཱའི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་དེར་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་ཨུ་རུ་སི་ལ་བློ་ཉེ་བའི་དྲག་ཆས་ཉེས་ཅན་གྱིས་ཚོད་འཛིན་བྱེད་སའི་ས་ཁོངས་ནས་གཏོང་འཕེན་བྱས་པའི་ས་ངོས་ནས་བར་སྣང་ལ་དམིགས་པའི་འཕུར་མདའ་ཕོག་སྟེ་སྟབས་མ་ལེགས་པར་སར་ལྷུང་བ་རེད་ཟེར། ཁོས་ཨུ་རུ་སི་དང་ཝུའུ་ཁི་ལན། ཨུ་རུ་སི་ལ་བློ་ཉེ་བའི་དྲག་ཆས་སྟོབས་ཤུགས་བཅས་ཕྱོགས་གསུམ་གྱིས་མྱུར་དུ་འཁྲུག་རྩོད་མཚམས་བཞག་སྟེ། དོན་རྐྱེན་དེར་རྟོག་ཞིབ་བྱེད་པའི་བྱ་བ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་སུ་སྡོད་པའི་ཨ་མེ་རི་ཁའི་འཐུས་མི་དང་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་བཅས་ཀྱིས་ཀྱང་ལང་ལོང་སྒོས་ཨུ་རུ་སི་རྒྱལ་ཁབ་ཀྱིས་ནམ་རྒྱུན་ཝུའུ་ཁི་ལན་མངའ་ཁོངས་ཀྱི་ཨུ་རུ་སི་ལ་བློ་ཉེ་བའི་དྲག་ཆས་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱས་པར་སྐྱོན་འཛུགས་བྱས། །