མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བསོད་ནམས་ཚེ་རིང་།

ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁས་ཚེས་བཅོ་བརྒྱད་ཉིན་དུས་ཡུན་ཉིན་ལྔའི་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་ཉོ་ཚོང་དང་དངུལ་གཏོང་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་གྲོས་མོལ་སྐོར་ཐེངས་དྲུག་པ་མཇུག་སྒྲིལ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-19 11:48

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁས་ཚེས་བཅོ་བརྒྱད་ཉིན་དུས་ཡུན་ཉིན་ལྔའི་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་ཉོ་ཚོང་དང་དངུལ་གཏོང་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་གྲོས་མོལ་སྐོར་ཐེངས་དྲུག་པ་མཇུག་སྒྲིལ་བ་དང་། ཕྱོགས་གཉིས་ཀྱིས་གྲོས་མོལ་གྱི་མངོན་གསལ་རང་བཞིན་སྲུང་འཛིན་བྱེད་རྒྱུ་ཁས་ལེན་བྱས་ཡོད་ལ། གྲོས་མོལ་གྱི་ནང་དོན་དེ་སྒོ་ཁྲལ་དང་དངུལ་གཏོང་དང་ཞབས་ཞུ། སྲིད་གཞུང་གི་ཉོ་སྡུད། ལྟ་ཞིབ་དོ་དམ་གྱི་བར་ཁྱད་ཇེ་ཉུང་དུ་གཏོང་བ། ཁོར་ཡུག་སྲུང་སྐྱོབ། ངལ་རྩོལ་བཟོ་བའི་ཁེ་དབང་སོགས་གྲོས་གཞིར་འབྲེལ་བ་ཡོད་ཀྱང་གྲུབ་འབྲས་ཆེན་པོ་ཐོབ་མེད།

ཡོ་རོབ་གླིང་མནའ་འབྲེལ་གྱི་དབུ་བཞུགས་གྲོས་མོལ་འཐུས་མི་པེ་ཨར་སེ་ལོ་ཡིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གཟའ་འཁོར་འདིའི་གྲོས་མོལ་ལ་ལག་རྩལ་རང་བཞིན་ཆེན་པོ་ལྡན་པ་དང་། གྲོས་མོལ་གྱི་དུས་རིམ་རྗེས་མའི་ཆབ་སྲིད་གྲོས་ཆོད་ལ་གྲ་སྒྲིག་བྱ་བ་གང་ལེགས་སྤེལ་ཡོད་ཟེར། ཁོས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་སྒོ་ཁྲལ་དང་ཞབས་ཞུ། སྲིད་གཞུང་གི་ཉོ་སྡུད་སོགས་ཁྱབ་ཁོངས་ནས་ཚོང་རའི་ཞུགས་ཚད་རྒྱ་བསྐྱེད་པ་དང་། ཞོར་དུ་སྨན་རྫས་དང་རླངས་འཁོར། རྫས་འགྱུར་ཐོན་རྫས། བཟོ་སྐྲུན་སོགས་ལས་རིགས་དགུའི་ལྟ་ཞིབ་དོ་དམ་གྱི་ཚད་གཞི་ཇེ་མཐོར་གཏོང་རྒྱུར་འཐད་པ་བྱུང་།

ཕྱོགས་གཉིས་ཀྱིས་ད་རུང་རྒྱུན་མཐུད་འཕེལ་རྒྱས་དང་ངལ་རྩོལ་བཟོ་བ། ཁོར་ཡུག ནུས་ཁུངས། ཁེ་ལས་འབྲིང་ཆུང་། རྒྱལ་ཁབ་བར་གྱི་རྩོད་གཞིའི་ཐག་གཅོད་ནང་རྐྱེན་སོགས་ལ་གྲོས་བསྡུར་བྱས།

ཐེངས་འདིའི་གྲོས་མོལ་སྐབས་སུ་ཕྱོགས་གཉིས་ཀྱི་གྲོས་མོལ་འཐུས་ཚབ་ཚོགས་པས་ད་རུང་ཚོང་ལས་ལས་རིགས་དང་འཛད་སྤྱོད་པ། ཁོར་ཡུག་སྲུང་སྐྱོབ་རྩ་འཛུགས་བཅས་ཀྱི་འཐུས་མི་བཞི་བརྒྱ་ཙམ་ལ་འབྲེལ་འདྲིས་བྱས་ཏེ། ཁོ་ཚོའི་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་ཉོ་ཚོང་དང་དངུལ་གཏོང་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་གྲོས་མོལ་ཐད་ཀྱི་གྲོས་གཞི་ལ་ཉན། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག