མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་སྲིད་གཞུང་དང་དམངས་ཁྲོད་དྲག་ཆས་པས་མཱ་ལེ་ཞི་ཡཱའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་པར་ཁག་ཐེག་བྱེད་ཆེད་འཁྲུག་རྩོད་མཚམས་འཇོག་པར་གྲོས་མོལ་བྱེད་རྒྱུ་རེད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-19 11:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་བརྙན་འཕྲིན་ཁང་གིས་ཚེས་བཅུ་བདུན་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། མཱ་ལེ་ཞི་ཡཱའི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་པར་ཁག་ཐེག་བྱེད་ཆེད། ཝུའུ་ཁི་ལན་སྲིད་གཞུང་དང་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱིས་ཤར་ཕྱོགས་ས་ཁུལ་ནས་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གནད་དོན་ལ་གྲོས་མོལ་བྱེད་བཞིན་ཡོད།

གྲོས་མོལ་ལ་ཞུགས་པའི་དམངས་ཁྲོད་དྲག་ཆས་མི་སྣས་བཤད་རྒྱུར། གྲོས་མོལ་གྱི་ནང་དོན་ལ་ཉིན་དེར་སར་ལྷུང་བའི་མཱ་ལེ་ཞི་ཡཱའི་འགྲུལ་སྐྱེལ་གནམ་གྲུའི་ཆག་རོའི་བདེ་འཇགས་ལ་ཁག་ཐེག་བྱེད་པ་དང་། རྒྱལ་སྤྱིའི་རྟོག་ཞིབ་རྩ་འཛུགས་གནམ་གྲུ་སར་ལྷུང་སར་ཡོང་བར་ཁག་ཐེག་བྱེད་པ། ཤི་བོའི་བེམ་པོ་སྐྱེལ་འདྲེན་བྱེད་པ། འགྲུལ་སྐྱེལ་གནམ་གྲུའི་གཞི་གྲངས་སྒམ་ཆུང་འཚོལ་བ། མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱེད་པ་བཅས་འདུས་ཟེར།

གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱིས་མཱ་ལེ་ཞི་ཡཱའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་སྐབས་འཁྲུག་རྩོད་མཚམས་འཇོག་རྒྱུའི་གྲོས་གཞི་བཏོན།

ཏོན་ནེ་ཚི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཁཱ་ཧྥུའུ་ཐཱ་ལཱ་ཙེ་ཡིས་བཤད་རྒྱུར། སར་ལྷུང་བའི་འགྲུལ་སྐྱེལ་གནམ་གྲུའི་ཆག་རོ་སྔོག་བཤེར་བྱེད་པའི་ས་ཁུལ་གྱིས་ངེས་པར་དུ་འཁྲུག་རྩོད་མཚམས་བཞག་སྟེ། དོན་རྐྱེན་དེའི་འབྱུང་རྐྱེན་ངོ་མར་རྟོག་ཞིབ་གསལ་བོ་བྱེད་དུ་འཇུག་དགོས་ཟེར།

ཏོན་ནེ་ཚི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཕུའུ་ཞེ་ལིན་གྱིས་ཀྱང་བསྟན་དོན། དམངས་ཁྲོད་དྲག་ཆས་པས་རྒྱལ་སྤྱིའི་ཆེད་མཁས་པ་གནམ་གྲུ་ལྷུང་སའི་ས་ཁུལ་དུ་ཡོང་བར་ཆོག་མཆན་བཀོད་དེ། གནམ་གྲུ་དེ་སར་ལྷུང་བའི་རྒྱུ་རྐྱེན་ངོ་མར་མྱུར་དུ་རྟོག་ཞིབ་གསལ་བོ་བྱེད་དུ་འཇུག་རྩིས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག