མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ལི་པ་པས་ཧན་གོའི་རེན་ཁྲོན་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་དང་མནའ་འབྲེལ་འབྲེལ་བ་བཙུགས་པ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-07-18 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ལི་པ་པ་ཚོགས་པ་དང་ཧན་གོའི་རེན་ཁྲོན་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ལྷན་གྱིས་ཚེས་16ཉིན་འཐབ་ཇུས་མཉམ་ལས་ཀྱི་མིང་རྟགས་འགོད་པའི་མཛད་སྒོ་མཉམ་དུ་སྤེལ་ནས་ཕྱོགས་གཉིས་པོས་འཐབ་ཇུས་མཉམ་ལས་ཀྱི་མནའ་འབྲེལ་འབྲེལ་བ་དངོས་སུ་བཙུགས་པའི་ཁྱབ་བསྒྲགས་བྱས་པ་རེད།

མཉམ་ལས་གྲོས་ཆོད་ལ་གཞིགས་ན།ཨ་ལི་པ་པའི་གཤམ་གཏོགས་ནོར་འཚོལ་དྲ་བ་དེ་ཧན་གོའི་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ས་ཁུལ་དུ་དྲིལ་བསྒྲགས་དང་སྤ་སེ་ཚོང་ཐབས་ལ་རྒྱབ་སྐྱོར་བྱེད་པའི་གཞུང་ཕྱོགས་ཀྱི་དམིགས་གཏན་འཁེལ་བའི་དྲ་ཚུགས་འབའ་ཞིག་དེར་འགྱུར་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་17པ་དེ་ཟླ་9ཚེས་19ཉིན་ཧན་གོའི་རེན་ཁྲོན་དུ་འཚོག་རྒྱུ་དང་།ཀྲུང་གོ་འདི་ཧན་གོའི་ཡུལ་སྐོར་འགྲུལ་ཁུངས་ཆེ་ཤོས་ཡིན་པའི་ངོས་ནས་ཧན་གོ་སྲིད་གཞུང་གིས་ཡུལ་སྐོར་ཁྲོམ་ར་རྒྱ་བསྐྱེད་བྱ་ཡུལ་ཞིག་ཏུ་བརྩིས་པ་དང་འབྲེལ་ཨེ་ཤེ་ཡ་ས་ཁུལ་གྱི་30%ཡི་སྤ་སེ་ཀྲུང་གོའི་ཡུལ་སྐོར་བར་མཁོ་སྤྲོད་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག