མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅན་ཀྲི་རེན་གྱིས་ཨན་པེས“ང་ཆེ་ང་བཙན”བྱས་པར་སྐྱོན་བརྗོད་བྱས་ནས་ཨན་པེ་དབུ་བཞུགས་བློན་ཆེན་གྱི་གོ་གནས་ཐོག་གནས་ཚེ་རི་པིན་ལ་ཉེན་ཁ་འཕྲད་ཉེན་ཡོད་ཅེས་བརྗོད་པ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-07-18 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་2ཉིན་རི་པིན་རྒྱལ་ཚོགས་ཀྱིས་མཉམ་སྡེབ་རང་སྲུང་དབང་ཆའི་བཀག་རྒྱ་གློད་རྒྱུར་བཙན་ཤེད་ཀྱིས་གྲོས་འཆམ་བྱས་ཚུན་ཨན་པེའི་ནང་བློན་ཁང་ལ་དམངས་ཚོགས་དང་སྲིད་ཕྱོགས་གཞན་དག་གིས་རྒོལ་གཏམ་དང་ཁ་རྡུང་མཐའ་གཅིག་ཏུ་བཏང་བ་རེད། ཚེས་13ཉིན་དམངས་གཙོ་ཏང་གི་འགོ་གཙོ་ཟུར་པ་རི་པིན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཅན་ཀྲི་རེན་གྱིས་གཞུང་ཕྱོགས་དཔོད་ཁུག་ཐོག་ཅན་ཀྲི་རེན་གྱིས་དུས་དེབ་ཤིག་གི་བཅར་འདྲི་དང་ལེན་བྱེད་སྐབས་ཨན་པེས“ང་ཆེ་ང་བཙན”བྱེད་པར་སྐྱོན་བརྗོད་བྱས་ཡོད་ཅེས་འཁོད་ཡོད་པ་རེད།

ཅན་ཀྲི་རེན་གྱིས་ཉེ་བའི་ལོ་གཅིག་ལྷག་ཙམ་རིང་གནད་དོན་མང་པོ་ཞིག་གི་ཐོག་ནས་གནད་དོན་དེ་ཧ་ཅང་གསལ་པོ་ཤེས་ཐུབ།གལ་ཏེ་ཨན་པེས་དབུ་བཞུགས་བློན་ཆེན་གྱི་གོ་གནས་བཟུང་ཚེ་ཁྱིམ་མཚེས་རྒྱལ་ཁབ་ཁག་དབར་གྱི་འབྲེལ་བ་ལེགས་སུ་འགྲོ་མི་ཐུབ།རང་དབང་དམངས་གཙོ་ཏང་ནང་རྒྱབ་སྐྱོར་བྱེད་ཚད་མཐོ་པོ་ཡོད་ཀྱང་མི་མང་པོ་ཞིག་གིས་ཨན་པེ་དབུ་བཞུགས་བློན་ཆེན་གྱི་གོ་གནས་ཐོག་གནས་ཚེ་རི་པིན་ལ་ཉེན་ཁ་འཕྲད་ཉེན་ཡོད་སྙམ་གྱི་ཡོད།དེ་མིན་ཨན་པེས་ཐོག་མཐའ་བར་གསུམ་དུ་སྔོན་ལ་བསམ་གཞིག་བྱེད་པ་ནི་ཇི་ལྟར་བྱས་ཏེ་རང་ཉིད་ཀྱི་བསམ་བློ་མངོན་འགྱུར་བྱེད་པ་ལས་རྒྱལ་ཁབ་དང་དེ་བཞིན་དམངས་ཚོགས་ཀྱི་མྱོང་ཚོར་ལ་བསམ་གཞིག་ཡག་པོ་བྱེད་མི་སྲིད་པ་དེ་ཡིན་པས།ཨན་པེ་ནི“ང་ཆེ་ང་བཙན”དང་ཉེན་ཁ་ཧ་ཅང་ཆེ་བའི་ཆབ་སྲིད་པ་ཞིག་རེད་ཅེས་བརྗོད་པ་རེད།

ཅན་ཀྲི་རེན་གྱིས་2011ལོའི་ཟླ་བ་གསུམ་པར་རི་པིན་ཤར་རྒྱུད་དུ་ས་ཡོམ་ཆེན་པོ་བརྒྱབ་རྗེས་སྐབས་དེ་དུས་རང་དབང་དམངས་གཙོ་ཏང་གི་ཙུང་ཚའེ་ཡིན་པའི་ཀུའུ་ཡོན་ཀྲེན་དབྱི་ཡིས་སྔར་བྱུང་མྱོང་མེད་པའི་རྒྱལ་ཁབ་ཀྱི་དཀའ་ཉེན་མདུན་དུ་ཆབ་སྲིད་ཀྱི་འཐབ་རྩོད་བྱེད་མཚམས་བཞག་ནས་ཏང་ཤོག་དབར་གྱི་འཐབ་རྩོད་ལས་བརྒལ་བའི་མཉམ་ལས་ལ་བརྟེན་ནས་ཁ་གཏད་གཅོག་དགོས་ཞེས་ང་ལ་བརྗོད་མྱོང་ཡོད་མོད།འོན་ཀྱང་སྐབས་དེ་དུས་རྒྱལ་ཚོགས་ཀྱི་གྲོས་མི་ཡིན་པའི་ཨན་པེས་ས་ཡོམ་གྱི་གནོད་འཚེ་ཆེན་པོ་དང་ཉིང་རྡུལ་གློག་ཁང་གི་ལས་འཛོལ་ཐོན་ནས་ཉིན་70ལས་མ་ཕྱིན་པར་རང་དབང་དམངས་གཙོ་ཏང་ནང་ཁུལ་གྱི་དུས་དེབ་ཐོག་ཅན་ཀྲི་རེན་ལས་དགོངས་ཞུ་དགོས་པའི་རེ་བ་བཏོན་ཡོད།ཨན་པེ་གནས་སའི་རང་དབང་དམངས་གཙོ་ཏང་གིས་ད་དུང་2011ལོའི་ཟླ་6ཚེས་2ཉིན་ས་ཡོམ་གནོད་འཚེའི་རྗེས་ཀྱི་ཟླ་བ་གསུམ་པར་གྲོས་མིར་དམངས་གཙོ་ཏང་ལ་ངོ་རྒོལ་བྱེད་དགོས་པའི་རེ་འབོད་བྱས་པ་དང་འབྲེལ་ནང་བློན་ཁང་ལ་ཡིད་ཆེས་མེད་པའི་གྲོས་འགོ་བཏོན་ཡོད་ཅེས་བརྗོད་པ་རེད།བཅར་འདྲི་བྱེད་རིང་ཅན་ཀྲི་རེན་གྱིས་ད་དུང་དབུ་བཞུགས་བློན་ཆེན་གྱི་གོ་གནས་བསྐྱར་དུ་འཁུར་རྗེས་ཨན་པེས་སྔར་བཞིན་ངོས་འཛིན་དེ་ལྟར་བྱེད་ཀྱི་ཡོད་ཅེས་བརྗོད།ཅན་ཀྲི་རེན་གྱིས་རང་ཉིད་ཀྱིས་མིག་སྔར་ཨན་པེ་དབུ་བཞུགས་བློན་ཆེན་གྱི་གོ་གནས་ནས་འབེབས་རྒྱུའི་རེ་བ་འདོན་པའི་ཆབ་སྲིད་སྟོབས་ཤུགས་ཤིག་ཇི་ལྟར་སྒྲིག་འཛུགས་བྱེད་མིན་ཐད་བསམ་གཞིག་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག